བོད་མི་༡༢༥བོད་དོན་ཆེད་རང་ལུས་མེར་བསྲེགས།


2013.12.19
རང་ལུས་མེ་སྲེག་མ་བཏང་གོང་གི་ཨ་མཆོག་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨ་མཆོག་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་
པར། བོད་འབྱོར།

བོད་མདོ་སྨད་བླ་བྲང་ཨ་མཆོག་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག
དེ་ཡང་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ༢༠༡༣ ལོའི་ཟླ༡༢ ཚེས༡༩ ཉིན་གྱི་བོད་ནང་གི་ཆུ་ཚོད་༢དང་ཕྱེད་ཀ་ཙམ་ལ་ཨ་མཆོག་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་མདོ་སྨད་ཀན་ལྷོ་ཨ་མཆོག་གྲོང་བརྡལ་གྱི་ཁྲོམ་གཞུང་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག་ལ་ཁོང་ནི་ད་བར་བོད་ནང་རང་ལུས་མེ་བསྲེགས་བཏང་མཁན་མི་གྲངས་༡༢༥ལ་ཆགས་ཡོད་པ་རེད།
ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ཉི་མ་ལུང་དུ་འཁྲུངས་ཤིང་ད་ལྟ་དགུང་ལོ༤༣ཡིན་པ་དང་། ཚེ་འདས་ཕ་མིང་ལ་རྟ་མགྲིན་བཀྲ་ཤིས་དང་། ཨ་མ་ལྷ་མོ་སྐྱིད་དང་ནུ་བོ་ཚེ་བྷ། སྲིང་མོ་གཅོད་པ་དང་སངས་རྒྱས་སྒྲོལ་མ་བཅས་པས་འབྲོག་ཁུལ་གྱི་འཚོ་ཐབས་དཀྱུས་མ་ཞིག་ལ་བརྟེན་ཡོད།
ཁོང་ཨ་མཆོག་དགོན་པའི་ཆོས་སྒོར་ཞུགས་ནས་རྒྱུད་པ་གྲྭ་ཚང་དུ་ཆོས་སྤྱོད་བློ་འཛིན་དང་། འདོན་རྟ་དབྱངས། བསྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཞིང་གཤིས་སྤྱོད་ཀྱང་ཆོས་དང་མཐུན་པར་ཡ་རབས་ཞི་དུལ་དུ་ཡོད་པས་ཀུན་གྱི་ཡིད་སྨོན་དང་མིག་དཔེ་ལེན་ས་ཞིག་ཏུ་གྱུར་ཡོད།  དུས་རྒྱུན་དུ་ཆུ་མིག་ལ་ཕེབས་པ་དང་གཞན་ཕན་གྱི་བྱ་བ་བསྒྲུབ་རྒྱུར་ལྷག་བསམ་རྣམ་དག་ཏུ་མཆིས། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་ཆེས་ཆེར་ཡོད་པར་མ་ཟད། དེ་ལྟར་འབད་པ་བྱེད་མཁན་དག་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱེད་པར་དགའ་བའི་མི་གཞི་ཧ་ལས་པའི་ཚད་དུ་ཡོད་པ་ཞིག་གོ
གནས་ཚུལ་ལྟར་ན། ཁོང་གིས་མེ་སྲེག་མ་བཏང་བའི་སྔོན་དུ་གུང་ཚིགས་ཚོགས་གྲོལ་རྗེས་རང་ཤག་ནས་ལམ་རིམ་ཆེན་མོའི་གླེགས་བམ་ཞལ་ཕྱེས་ཏེ་མདུན་དུ་མཆོད་མེ་བསྒྲོན་ནས་་ཤོག་ལྷེ་གཅིག་བཞག་ཡོད་པའི་ནང། གངས་རིའི་དཔའ་རྒོད་ཚུལ་ཁྲིམས་རྒྱ་མཚོས་བོད་མི་རྣམས་དག་ཡོངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རང་ལུས་མེ་མཆོད་བཏང་ཡིན། མིག་ཆུ་གསེར་གྱི་ཐིགས་པ། ཨེ་མ་མིག་ཆུ། སྙིང་སྡུག  ཨ་ཇོ་ལགས། ཁྱེད་ཀྱིས་གསན་ནམ། ཁྱེད་ཀྱིས་མཐོང་ངམ། ཁྱེད་ཀྱིས་མཐོས་སམ། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་འདི་སུ་ལ་ཞུ། རྒྱ་ནག་པོའི་ཁྲིམས་ཁང་བཙན་པོའི།། གསེར་དངུལ་གྱི་བང་མཛོད་ཁྱེར་ཐ།། འབངས་མི་སེར་སྡུག་ལ་སྦྱར་གི། འདི་བསམ་ན་མིག་ཆུ་ལྷུང་གི། རང་ལུས་རིན་ཆེན་མེ་ལ་སྲེག་པའི་མཐུས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་རང་ཡུལ་ཕེབས་རྒྱུས་ཆེད་དང་པཎ་ཆེན་སྣང་བ་མཐའ་ཡེ། བཙོན་གྲོལ་ཐོབ་པའི་ཆད་དང་ནོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་རང་ལུས་མཆོད་བཏང་བ་ཡིན། འདི་ཐུན་ལ་རྟེན་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་དུག་གསུམ་སྲོག་ནས་ཐར་བ་བྱང་ཆུབ་ཀྱི་ལམ་ལ་མགོན་པོའི་སྨོན་ལམ། བླ་མ་མཆོག་གསུམ་མཁྱེན་རང་ཁྱེན་མགོན་མེད་སྐྱབས་མེད་རྣམས་ཐུགས་རྗེ་མཛོད། གངས་རིའི་སྤུན་ཟླ་རྣམ་པ་བོད་ལ་མཐུན་སྒྲིན་དགོན་ནང་གཡོ་སྒྱུ་ཝ་མོའི་འོག་ཏུ་མ་རྒྱུགས།
གངས་རིའི་དཔལ་རྒོད་ཚུལ་ཁྲིམས་རྒྱ་མཚོ་ནས། བཏང་ནས་མི་གཅིག་གཉིས་བར་ཆད་མེད་པའི་ཕྱིར་རོ།༼མ་ཡིག་ཇི་བཞིན་བཤུས་ཏེ་སོར་འཇོག་བྱས༽ཞེས་འཁོད་འདུག

དེ་མ་ཐག་ཨ་མཆོག་གི་སྐྱ་སེར་མང་བོས་སྐུ་ཕུང་ཨ་མཆོག་དགོན་དུ་གདན་འདྲེན་ཞུས་ཏེ། དགེ་འདུན་འདུས་བ་རྒྱ་མཚོས་བསྔོ་སྨོན་གསུང་བཞིན་པའི་སྐབས་ས་གནས་ཉེན་རྟོག་པ་སླེབས་ཤིང་། རིམ་གྱིས་བླ་བྲང་ཉེན་རྟོག་པ་བཅུ་ཙམ་ཆེད་མངགས་སུ་འབྱོར་ཏེ་སྨོན་ལམ་མཚམས་གཅོད་དུ་བཅུག་ཀྱང་། རྒྱུད་པ་གྲྭ་ཚང་དུ་ཁྲུས་ཆོག་གསུང་བཞིན་པ་སོགས་ལ་གནས་སྐབས་བར་ཆད་མ་བྱུང་ཡང་། ཉེན་རྟོག་པ་དང་དམག་མི་མང་དུ་འབྱོར་བཞིན་སྐུ་ཕུང་གང་མགྱོགས་སུ་སྦྱིན་སྲེག་བྱེད་དགོས་གནོན་ཤུགས་སྤྲོད་བཞིན་པ་སོགས་ད་ལྟ་ས་གནས་ཀྱི་གནས་སྟངས་ཛ་དྲག་ཅན་ལ་འགྱུར་བཞིན་ཡོད་འདུག    ཞིབ་ཕྲའི་གནས་ཚུལ་ང་ཚོའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བར་གསན་རོགས།སྒྲ་ལྡན་གསར་འགྱུར།

གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎