བོད་ཀྱི་སྐད་ཡིག་ཐོབ་ཐང་སྐོར་གོ་རྟོག་སྤེལ་བའི་ལས་འགུལ།

བཙན་བྱོལ་བོད་མི་གཉིས་ཀྱིས་རྐང་འཁོར་ཐོག་བསྐྱོད་དེ་བོད་ནང་དུ་བོད་ཀྱི་སྐད་ཡིག་ཐོབ་ཐང་སྐོར་གོ་རྟོག་སྤེལ་བའི་ལས་འགུལ་་སྤེལ་བཞིན་པ།

2011.02.15

༄༅༎བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་སློབ་གྲའི་ཡན་ལག་སུའུ་ཇ་སློབ་གྲའི་སློབ་མ་གཉིས་ཀྱིས་སློབ་གྲའི་དགུན་ཁའི་དགུང་སེང་རིང་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་རྐང་འཁོར་ཐོག་བསྐྱོད་དེ། བོད་ནང་དུ་བོད་ཀྱི་སྐད་ཡིག་ཐོབ་ཐང་སྐོར་གོ་རྟོག་སྤེལ་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།

དེ་ཡང་བཞུགས་སྒར་ཉེ་འཁྲིས་སུ་ཡོད་པའི་སུ་ཇ་བོད་ཁྱིམ་ཡན་ལག་སློབ་གྲའི་སློབ་མ་ཚེ་ལྷོ་རྒྱལ་ལགས་དང༌། ཚེ་རིང་རྡོ་རྗེ་ལགས་གཉིས་ནི་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པ་མཐར་སོར་ཏེ། ཕྱི་ཟླ་བཅུ་གཉིས་པ་ནས་ལོ་གསར་པའི་ཕྱི་ཟླ་གསུམ་པ་བར་སློབ་གྲའི་དགུན་ཁའི་དགུང་སེང་འཁེལ་ཡོད་ཀྱང༌། ཁོང་གཉིས་ཀྱི་དགུང་སེང་དེ་ནི་སློབ་ཕྲུག་གཞན་དང་མི་འདྲ་བའི་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་བརྩམས་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གྲོང་ཁྱེར་ཅན་རྡི་གར་བར་གྱི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་ནང་རྐང་འཁོར་ཐོག་བསྐྱོད་དེ་རྒྱ་གར་མི་དམངས་ཚོར་བོད་དོན་གོ་རྟོག་སྤེལ་བ་བརྒྱུད་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་དོན་དང། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་རྡུང་རྡེག་གཏོང་བའི་གནས་སྟངས་སྐོར་གོ་རྟོག་སྤེལ་རྒྱུ་ཡིན་པ་རེད། ཁོང་གཉིས་ཀྱི་ལས་འགུལ་དེ་ནི། ཕྱི་ཟླ་དང་པོའི་ཚེས་༣༠ཉིན་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གེན་རྡི་མཆོག་དཀྲོངས་པའི་དུས་དྲན་ཉིན་མོ་དང་སྟབས་བསྟུན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནས་འགོ་བཙུགས་གནང་སྟེ། དེ་རིང་བར་ཉིན་གྲངས་༡༥འགྲོ་གི་ཡོད་པ་དང༌། རིང་མིན་ཕྱི་ཟླ་གསུམ་པའི་ཚེས་༡༠བོད་མིའི་རང་དབང་སྒེར་ལངས་ཉིན་མོར་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་པ་རེད། ཁོང་གཉིས་ཀྱི་ལས་དོན་དེའི་ཐོག་ལ་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་རང་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་དཔལ་འབྱོར་གྱི་འགྲོ་གྲོན་དང་རྐང་འཁོར། ས་གནས་རྒྱ་གར་མི་དམངས་ཚོར་འགྲེམས་སྤེལ་ཆེད་དུ་བོད་དོན་གོ་རྟོག་སྤེལ་རྒྱུའི་ཡིག་ཆ་སོགས་ཀྱི་མཐུན་འགྱུར་སྦྱར་བ་མ་ཟད། ཁོང་གཉིས་ས་གནས་གང་དུ་འབྱོར་ཡུལ་དེའི་ནང་གི་ས་གནས་བོད་མི་དང་། ས་གནས་བོད་མི་དམངས་སྤྱི་འཐུས་དང༌། བོད་ཀྱི་གཞོན་ནུ་ཚོགས་པ། དེ་བཞིན་བུད་མེད་སོགས་ཀྱིས་སྣེ་ལེན་བྱེད་པ་མ་ཟད། ཁོང་གཉིས་ནས་ས་གནས་རྒྱ་གར་མི་དམངས་ལ་གཏམ་བཤད་བྱ་རྒྱུའི་འདུ་འཛོམས་གོ་སྒྲིག་ཞུ་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎