ཟམ་གདོང་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་སུ་ཆོས་འབྲེལ་སྐྱོང་བཞིན་པ།


2014.10.27
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་དགའ་ལྡན་ལྷ་བརྒྱ་མའི་ཉམས་ཁྲིད་མཛད་པ།
བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ངོ་དེབ།

དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་རྙེད་དཀའ་བ་ཙམ་དུ་མ་ཟད་འཇིག་སླ་བའི་ཐོག་བསམ་བློ་གཏོང་དགོས་བ་གསུངས་འདུག དེ་ཡང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདི་ཟླའི་ཚེས་༢༣་ནས་༢༦་བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་ལ་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གསར་པའི་ནང་དགའ་ལྡན་ལྷ་བརྒྱ་མ་དང་དབུ་མ་རྩ་བ་ཤེས་རབ་སྐོར་གྱི་གསུངས་ཆོས་གནང་ཡོད་པ་དང་། ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མར་བཤེས་གཉེན་བསྟེན་ཕྱོགས་དང་། བླ་མ་དང་སློབ་མ་གཉིས་ཀྱི་དམ་ཚིག་སྲུང་ཕྱོགས་སོགས་ཀྱི་གལ་གནད་སྐོར་བཀའ་གནང་བ་དང་། དེ་ནས་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་རྙེད་དཀའ་བ་ཙམ་དུ་མ་ཟད་འཇིག་སླ་བ་ཡིན་པ་དེ་ཚོའི་ཐོག་བསམ་བློ་བཏང་པ་ཡིན་ན་ལུས་རྟེན་འདིའི་སྙིང་པོ་ལེན་ཐབས་སུ་འབད་བརྩོན་མི་བྱེད་ཐབས་མེད་པ་སོགས་ཀྱི་བཀའ་གནང་འདུག ད་དུང་རིན་པོ་ཆེ་མཆོག་གིས་ད་རིང་ཕྱི་ཟླ་༡༠་ཚེས་༢༧་ཉིན་ནས་བཟུང་ཕྱི་ཟླ་༡༡་པའི་ཚེས་༢་བར་བདུན་ཕྲག་གཅིག་རིང་འབྲས་སྤུངས་བློ་གསལ་གླིང་གི་ཚ་བ་ཁང་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱི་བཀྲིས་རྟེན་འབྱུང་སྒོ་འབྱེད་མཛད་སྒོ་དང་འབྲེལ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མེའི་བཀའ་ཆོས་གནང་འཆར་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎