ར་ཤི་ཡའི་ཁུལ་སྨྱུངས་གནས་གསོལ་འདེབས་ལས་འགུལ་སྤེལ་བ།

ར་ཤི་ཡའི་ས་ཁུལ་འདྲ་མིན་གྱི་ནང་ལ་ཡང་ཚོུད་བཅུ་གཉིས་རིང་གི་སྨྱུང་གནས་གསོལ་འདེབས་ཀྱི་ལས་འགུལ་དེ་སྤེལ་ཡོད་འདུག

2008.09.02

༄༅༎བཙན་བྱོལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་རེ་བསྐུལ་ལྟར་ན་ འཛམ་གླིང་གི་ཡུལ་གྲུ་གང་སའི་ནང་ ཕྱི་ཟླ་བརྒྱད་པའི་ཚེས་ ༣༠ ཉིན་ བོད་དོན་བདེན་མཐའ་གསལ་ཆེད་དང་ འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཞི་བདེ་འབྱུང་ཐབས་སོགས་ཀྱི་ཆེད་ཚོུད་ ༡༢ རིང་གི་སྨྱུང་གནས་གསོལ་འདེབས་ཀྱི་ལས་རིམ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་ལྟར་ ར་ཤི་ཡའི་ས་ཁུལ་འདྲ་མིན་གྱི་ནང་ལ་ཡང་སྨྱུང་གནས་གསོལ་འདེབས་ཀྱི་ལས་འགུལ་དེ་སྤེལ་ཡོད་འདུག

བཙན་བྱོལ་བོད་གཞུང་ར་ཤི་ཡའི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ཟླ་དགུ་པའི་ཚེས་ ༢ ཉིན་གནས་ཚུལ་སྤེལ་བར་གཞིགས་ན་ ར་ཤི་ཡའི་རྒྱལ་ས་ མོ་སི་ཀོའི་ནང་ཡོད་པའི་བླ་མ་ཙོང་ཁ་པའི་ཆོས་ཚོགས་ཀྱི་ནང་མི་གྲངས་ལྔ་བཅུ་སྐོར་མཉམ་འདུས་ཀྱིས་སྔ་དྲོའི་ཚོུད་༡༠པ་ནས་ མཚན་མོའི་ཚོུད་བཅུ་པ་བར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་དང་ སློབ་དཔོན་པད་མ་འབྱུང་གནས་ཀྱི་ཐུགས་དམ་གནད་བསྐུལ་བཛྲ་གུ་རུ་དང་ མ་ཎི་ཡིག་དྲུག་ལ་སོགས་པའི་ཞལ་འདོན་གྲངས་གསོག་གནང་འདུག

དེ་ཉིན་འབྲས་སྤུངས་སྒོ་མང་གྲ་ཚང་གི་དགེ་འདུན་པ་ཁག་གཅིག་ནས་ མོ་སི་ཀོའི་རོའེ་རིཁ་འགྲེམས་སྟོན་ཁང་དུ་རྡུལ་མཚོན་གྱི་དཀྱིལ་འཁོར་ཞིག་ཀྱང་བཞེངས་སྒྲུབ་གནང་ཡོད་པ་རེད་

ཡང་ར་ཤི་ཡི་མངས་ཁོངས་ནང་པའི་ཡུལ་གྲུ་ ཁལ་མུཀ་ཀི་ཡའི་རྒྱལ་ས་ ཨེ་ལི་སའི་ནང་ཡོད་པའི་དགའ་ལྡན་བཤད་སྒྲུབ་གླིང་དགོན་པའི་ནང་ མི་གྲངས་ལྔ་བརྒྱ་སྐོར་ནས་སྨྱུང་གནས་གསོལ་འདེབས་གནང་བ་མ་ཟད་ དགོང་དྲོ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གོ་བསྒྲིགས་གནང་འདུག་ཅིང་ ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་གནས་ཚུལ་འདི་བཀོད་སྤེལ་བྱས་ཡོད་འདུག

དེ་བཞིན་སྦུ་རི་ཡཏ་གྱི་རྒྱལ་ས་ཨུ་ལན་ཨུ་རྡའི་ནང་ཡོད་པའི་བླ་མ་ཡེ་ཤེས་བློ་གྲོས་རིན་པོ་ཆེའི་ཆོས་ཚོགས་དང་ དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱི་སྒྲོལ་ལྗང་ཆོས་ཚོགས་སོགས་ནས་ཀྱང་སྨྱུང་གནས་གསོལ་འདེབས་ཀྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་འདུག་ལ་ ར་ཤི་ཡའི་ཁྱབ་ཁོངས་ཡུལ་གྲུ་ ཏུ་ལྦའི་ནང་ལ་ཡང་དེ་མཚུངས་ལས་འགུལ་དེ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎