ར་ཤི་ཡའི་སྲིད་འཛིན་རྒྱ་གར་དུ་འཚམས་གཟིགས།

རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ནང་གཏན་འཇགས་ཚོགས་མིའི་རྐུབ་སྟེགས་ཐོབ་རྒྱུར་ར་ཤི་ཡས་རྒྱབ་སྐྱོར།

2010.12.21

༄༅༎ར་ཤི་ཡའི་སྲིད་འཛིན་ཌི་མི་ཏྲི་མེརྡ་ལྦེ་རྡེལྦ་དེང་སྐབས་རྒྱ་གར་དུ་འཚམས་གཟིགས་གནང་བཞིན་ཡོད་ཅིང་གཟའ་མིག་དམར་ཉིན་ཁོང་གིས་རྒྱ་གར་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ནང་གཏན་འཇགས་ཚོགས་མིའི་རྐུབ་སྟེགས་ཐོབ་རྒྱུར་འབད་བརྩོན་གནང་བཞིན་པར་ར་ཤི་ཡའི་ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་གསུངས་པ་དང་ཆབས་གཅིག་ ཡུལ་གྲུ་གཉིས་དབར་རྡུལ་ཕྲན་ནུས་པའི་ལས་གཞི་དང་བདེ་འཇགས་ལས་དོན་ཐད་མཉམ་འབྲེལ་གནང་རྒྱུའི་མོས་མཐུན་ཆིངས་ཡིག་ཁག་ཅིག་བཞག་གནང་པའི་གནས་ཚུལ་ཐོན་འདུག

ར་ཤི་ཡ་དང་རྒྱ་གར་དབར་དེ་སྔོན་ཨུ་རུ་སྤྱི་མཐུན་རྒྱལ་ཁབ་ཡོད་པའི་སྐབས་ནས་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་ཞིག་ཡིན་པར་མ་ཟད་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དེ་ནི་རྒྱ་གར་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གྲོགས་པོ་ཉེ་ཤོས་དེ་ཡང་ཡིན་ཞིང་ལྷག་པར་དུ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཐོར་ཟིན་པའི་རྗེས་སུ་ཡང་ར་ཤི་ཡ་ནི་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཀྱི་གོ་མཚོན་ཚོང་བསྒྱུར་བྱེད་མཁན་ཧ་ལམ་གཅིག་པུ་དེ་ཡིན་པ་རེད། འོན་ཀྱང་ད་ཆ་རྒྱལ་སྤྱིའི་སྟེང་རྒྱ་གར་གྱི་ཆེ་ཐོངས་རྒྱས་བཞིན་ཡོད་སྟབས་ཡུལ་གྲུ་གཅིག་རང་གི་རྒྱབ་སྐྱོར་ལ་བརྟེན་པའི་སྲིད་བྱུས་དེར་ཡང་འགྱུར་བ་འགྲོ་བཞིན་ཡོད་པ་རེད།

ར་ཤི་ཡའི་སྲིད་འཛིན་རྒྱ་གར་དུ་འཚམས་གཟིགས་སུ་མ་ཕེབས་སྔོན་ཨ་མི་རི་ཀའི་སྲིད་འཛིན་དང་ཕེ་རན་སིའི་སྲིད་འཛིན་སོགས་འཛམ་གླིང་གི་དབུ་འཁྲིད་གལ་ཆེ་ཁག་རྒྱ་གར་དུ་ཕེབས་སྟེ་རྒྱ་གར་གྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ལ་གཏན་འཇགས་ཚོགས་མིའི་ས་མིག་ཐོབ་ཐབས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་པ་བཞིན་ར་ཤི་ཡའི་ངོས་ནས་ཀྱང་དེ་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་རྒྱ་གར་ལ་གདེང་ཚོད་ཡོད་ཅིང་དེ་རིང་གཟའ་མིག་དམར་ཉིན་ར་ཤི་ཡའི་སྲིད་འཛིན་མེརྡ་ལྦེ་རྡེལྦ་གྱིས་ཀྱང་རྒྱ་གར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནང་གཏན་འཇགས་ཚོགས་མིའི་གནས་བབས་ཐོབ་རྒྱུའི་འོས་ཆོས་ཆ་ཚང་ལྡན་པའི་ནུས་ལྡན་གྱི་རྒྱལ་ཁབ་ཡིན་སྟབས་ར་ཤི་ཡའི་ངོས་ནས་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་ཟུང་འབྲེལ་གསལ་བསྒྲགས་ཡིག་ཆའི་ནང་གསུངས་ཡོད་པ་རེད།

དེ་བཞིན་རྒྱ་གར་དང་ར་ཤི་ཡ་མཉམ་འབྲེལ་གྱི་ཐོག་ནས་རྒྱ་གར་ནང་རྡུལ་ཕྲན་གློག་འདོན་ཁང་ཨང་ལྔ་པ་དེ་རྒྱབ་རྒྱུར་མོས་མཐུན་བྱུང་འདུག་ ལ་འདས་པའི་ཟླ་བ་དྲུག་གི་དུས་ཡུན་ནང་རྒྱ་གར་དུ་འཛམ་གླིང་ཡུལ་གྲུ་ཆེ་ཁག་གི་དཔོན་རིགས་གཅིག་རྗེས་གཉིས་འཐུད་ཕེབས་སྟེ་གྲུབ་འབྲས་ཆེ་ཤོས་ནི་ ཡུལ་གྲུ་དེ་དག་དག་རྒྱ་གར་དབར་ཨ་རིའི་ཌ་ལར་ཐེར་འབུམ་ལྔ་བཅུ་ཙམ་གྱི་ཚོང་ལས་མཉམ་འབྲེལ་བྱ་རྒྱུར་མོས་མཐུན་བྱུང་བ་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎