བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་ལ་དགའ་བསུ།

ཨ་རིའི་སྲིད་འཛིན་དང་༸གོང་ས་མཆོག་དབར་བོད་ནང་གི་གནད་དོན་སྐོར་དོན་ཕན་ལྡན་པའི་བཀའ་མོལ་ཡོང་བའི་རེ་བ་ཞུས་འདུག།

2010.02.13

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཟླ་བ་འདིའི་ཚེས་༡༨ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་གནང་བ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགའ་བསུ་ཞུས་གནང་བ་དང་སྦྲགས། དབུ་ཁྲིད་རྣམ་གཉིས་དབར་བོད་ནང་གི་གནད་དོན་སྐོར་དོན་ཕན་ལྡན་པའི་བཀའ་མོལ་ཡོང་བའི་རེ་བ་ཞུས་འདུག།

ད་རེས་ཀྱི་མཇལ་འཛོམས་དེ་ནི་དབུ་ཁྲིད་རྣམ་གཉིས་དབར་འབྲེལ་བ་གཏིང་ཟབ་ཏུ་འགྲོ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་མ་ཟད། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་ཡང་དག་པའི་དབུ་འཁྲིད་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་མོལ་གནང་རྒྱུའི་ཐབས་ལམ་ལ་ཨ་མི་རི་ཀས་རྒྱབ་སྐྱོར་གནང་ཕྱོགས་སྐོར་ཨ་རིའི་སྲིད་འཛིན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་བཀའ་གྲོས་གནང་རྒྱུའི་གོ་སྐབས་ཤིག་ཀྱང་རེད་ཅེས་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་གནང་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་བཞག།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་ལྕམ་མེ་རི་སྦེ་ཐི་མའར་ཀི་ཡིས་སྤྱི་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེའི་ནང༌། བོད་ནང་གི་གནས་སྟངས་ཐད་ད་ཆ་བོད་མི་མང་པོ་འུ་ཐུག་ཐབས་ཟད་ཆགས་ཡོད་པའི་གནས་ཚུལ་འཛམ་གླིང་ལ་གསལ་སྟོན་བྱེད་བཞིན་པའི་སྐབས་འདིར་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཛོམས་དེ་དོན་ཕན་ལྡན་པ་ཞིག་ཡོང་བའི་རེ་བ་གནང་འདུག་ལ། ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རང་དབང་དང་དྲང་བདེན་གྱི་ལམ་ལུགས་ལ་བརྩི་སྐུར་ཞུ་མཁན་ཨ་རི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་ཡིན་པའི་འོས་འགན་གྱི་ཐོག་ནས་བོད་རྒྱ་ཆེའི་མི་དམངས་ཀྱི་བདེ་དོན་མཁྱེན་རྟོག་གསལ་པོ་ཡོད་པའི་རེ་བ་ཞུ་གི་ཡོད་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎