ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་དང་། རྒྱ་སྐད། ལཱའོ་སྐད་ཀྱིས་རླུང་འཕྲིན་རླབས་ཐུང་བརྒྱུད་གནས་ཚུལ་སྤེལ་མཚམས་འཇོག་དགོས་བྱུང་ཡོད།

2025.04.02
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་དང་། རྒྱ་སྐད། ལཱའོ་སྐད་ཀྱིས་རླུང་འཕྲིན་རླབས་ཐུང་བརྒྱུད་གནས་ཚུལ་སྤེལ་མཚམས་འཇོག་དགོས་བྱུང་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་ཁུངས་ཀྱི་ཟུར་ཞིག
RFA/Charlie Dharapak
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་བརྒྱུད་གཏོང་བྱེད་ས་ཉུང་དུ་ཕྱིན་པའི་རྐྱེན་གྱིས་རླུང་འཕྲིན་རླབས་ཐུང་བརྒྱུད་ལམ་ (Shortwave Radio) གྱི་དུས་ཚོད་ཉུང་དུ་བཏང་ཡོད། དེས་ན། བོད་སྐད་དང་། རྒྱ་སྐད། (Mandarin) ལཱའོ་སྐད་ (Lao) བཅས་ཀྱི་རླུང་འཕྲིན་རླབས་ཐུང་བརྒྱུད་ལམ་མཚམས་འཇོག་བྱས་པར་དགོངས་སེལ་ཞུ་རྒྱུ་ཡིན། འབར་མ་ (Burmese) དང་། ཁེ་མར། (Khmer) ཀོ་རི་ཡ། (Korean) ཡུ་གུར་ (Uyghur) བཅས་ལ་རླུང་འཕྲིན་བརྒྱུད་ལམ་ཉུང་ངུ་ལས་མེད། འོན་ཀྱང་ང་ཚོས་དྲ་རྒྱ་དང་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་ཚད་བཀག་མུ་མཐུད་འགྲེམས་སྤེལ་བྱེད་བཞིན་ཡོད།
བོད་སྐད་རླུང་འཕྲིན་གསན་མཁན་རྣམས་ལ་ཞུ་རྒྱུར། རླུང་འཕྲིན་རླབས་ཐུང་མཚམས་འཇོག་བྱས་ཀྱང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དྲ་ཚིགས་དང་། ཡུ་ཀྲུབ་ (YouTube) ། དེ་བཞིན་པོཊ་ཀཱས་(Podcast)བརྒྱུད་ལམ་གཞན་ཐོག་ཉིན་ལྟར་དགོང་དྲོ་ཆུ་ཚོད་ ༦:༣༠ (IST) དམ། ཡང་ན་ལྷ་སའི་དགོང་དྲོ་ཆུ་ཚོད་ ༩ ཐོག་གལ་གནད་ཆེ་བའི་གནས་ཚུལ་གྱི་སྒྲ་འཇུག་ལས་རིམ་མུ་མཐུད་བརྒྱུད་སྤེལ་ཞུ་རྒྱུ་ཡིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ཡང་ལས་བྱེད་ཉུང་འཕྲིས་ལས་དོན་བྱེད་བཞིན་ཡོད་པས། དྲ་ཚིགས་དང་སྤྱི་ཚོགས་དྲ་ལམ་བརྒྱུད་གལ་གནད་ཆེ་བའི་གནས་ཚུལ་ཁག་གཙོ་འདོན་གྱིས་ཡི་གེ་དང་། སྒྲ་འཇུག བརྙན་པར་ལམ་ནས་འགྲེམས་སྤེལ་ཞུ་བཞིན་ཡོད།
རྣམ་པ་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མུ་མཐུད་ནས་རྒྱབ་སྐྱོར་དང་། ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎