ཤར་ཏུར་ཀིསྟཱན་ནང་གློག་འཕྲིན་དང་ཁ་པར་ཐོག་དམ་བསྒྲགས།
2009.10.24
༄༅༎རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསྟཱན་ནང་གློག་འཕྲིན་དང་ཁ་པར་ཡོངས་རྫོགས་ཐོག་རྒྱ་ནག་གིས་དམ་བསྒྲགས་བྱས་པའི་རྐྱེན་གྱིས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་ཐུབ་ཀྱི་མེད་པར་བརྟེན་ཁུལ་དེའི་ནང་གི་ཚོང་ལས་མང་པོ་ཞིག་ས་གནས་གཞན་དུ་སྤོ་བཞུད་བྱེད་དགོས་ཐུག་ཡོད་སྐོར་ས་གནས་ཡུལ་མི་ཚོས་བརྗོད་བཞིན་ཡོད་པ་རེད།
ཤར་ཏུར་ཀིསྟཱན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་རྒྱ་ཧན་མི་རིགས་དང་ས་གནས་ཡུ་གུར་མི་རིགས་དབར་འཁོན་འཁྲུག་ལངས་ནས་ད་ཆ་ཟླ་བ་བཞི་ཙམ་ཕྱིན་པའི་རྗེས་སུའང་ཁུལ་དེའི་ནང་ཁ་པར་དང་གློག་འཕྲིན་ཡོངས་རྫོགས་རྒྱ་གཞུང་གིས་བཀག་ཡོད་སྐོར་མིང་འདོན་བྱ་འདོད་མེད་པའི་གྲོང་ཁྱེར་ཨུ་རུམ་ཆི་ནང་རྟེན་གཞི་བྱས་པའི་ཁེ་གཉེར་ལས་ཁང་ཞིག་གི་འགན་འཛིན་གྱིས་འགྲེལ་བརྗོད་བྱས་བཞག།