བོད་ནང་ཆབ་སྲིད་བཙོན་པ་ཞིག་གི་སྐུ་གཟུགས་གནས་སྟངས།

བོད་ནང་ཡོད་པའི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཆོ་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པའི་གནས་ཚུལ་འདུག

2010.12.30

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་ཕྱི་ལོ་༡༩༩༦་ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་ནས་གསར་བརྗེར་ངོ་ལོག་ཚོགས་པ་ཞེས་པ་བཙུགས་པའི་ཉེས་མིང་འོག་ཁོང་དང་ལྷ་ས་གྲོང་ཁྱེར་ཁོངས་སུ་བོད་མི་ལ་ལོ་ངོ་བཅུ་བདུན་དང་བཅོ་ལྔ་བཅས་ཀྱི་ཁྲིམས་ཆད་ཕོག་ནས་གྲྭ་བཞི་བཙོན་ཁང་ནང་ངལ་རྩོལ་བསྒྱུར་བཀོད་བྱ་བཅུག་ཡོད་པ་རེད། ཁོང་བཙོན་ཁང་ནང་ཡོད་པའི་སྐབས་ཕྱི་ལོ་༢༠༠༤ལོར་སླར་ཡང་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་རྒྱབ་པའི་ཉེས་མིང་འོག་ལོ་གཉིས་འཕར་མའི་ཁྲིམས་ཆད་བཀལ་ཡོད་འདུག

རྒྱ་ནག་གཞུང་ནས་ཁོང་ལ་ལོ་དུས་ཁྲིམས་ཆད་སྤར་ཆ་བྱས་ཡོད་ཀྱང་ཁོང་གི་ལངས་ཕྱོགས་བརྟན་པོར་འཛིན་པར་བརྟེན་བཙོན་ཁང་ནང་ཉེས་རྡུང་ཚབས་ཆེ་བཏང་ནས་ལུས་པོ་གཅོངས་པོ་ཆགས་པ་མ་ཟད་ཆུ་ཤུལ་བཙོན་ཁང་དུ་གནས་སྤོས་བྱས་པའི་རྗེས་སུ་མུ་མཐུད་ནས་ཉེས་རྡུང་བཏང་ནས་སྡུག་སྦྱོང་བཏང་ཡོད་པ་བཅས་གང་ལྟར་འདས་པའི་ལོ་ངོ་བཅུ་བཞི་ཙམ་རིང་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་བཟོས་པའི་རྐྱེན་གྱིས་ད་ཆ་ཁོང་གི་ཚེ་སྲོག་ལའང་ཉེན་ཁ་ཆགས་ཡོད་འདུག ལོ་འདིའི་ནང་ཁོང་གི་སྤུན་ཉེ་སོགས་ཐུག་འཕྲད་བྱེད་མ་བཅུག་པར་བརྟེན་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ག་འདྲ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

འཇིགས་མེད་རྒྱ་མཚོ་ལགས་ནི་ཕྱི་ལོ་༡༩༦༡ལོར་ཨ་མདོ་བསང་ཆུ་རྫོངས་སུ་སྐྱེས་པ་དང་། འཛིན་བཟུང་མ་བྱས་པའི་གོང་ལྷ་སར་གནས་སྡོད་བྱེད་ཀྱི་ཡོད་ཅིང་ཁོང་གི་པ་ལགས་སྔ་ས་ནས་གྲོངས་ཟིན་པ་དང་། ཁོང་གི་ཨ་མ་ལགས་ཁོང་བཙོན་ཁང་ནང་བཅུག་པའི་ལོ་གཉིས་ཀྱི་རྗེས་སུ་ཚེ་འདས་ཕྱིན་ཡོད་པ་རེད། ཁོང་བོད་སྤྱི་པའི་དོན་ལས་འགུལ་མང་པོ་སྤེལ་གནང་མཁན་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎