བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་སོན་པའི་གནས་ཚུལ་ཐོན་མེད།

རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པར་རྒྱ་ནག་གི་བོད་ཐོག་བདག་དབང་གི་གནད་དོན་ཐོག་གུ་བཤང་གནང་རྒྱུ་མིན་སྐོར་གཏམ་བཤད།

2010.02.01

༄༅༎རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པར་རྒྱ་ནག་གི་བོད་ཐོག་བདག་དབང་གི་གནད་དོན་ཐོག་གུ་བཤང་གནང་རྒྱུ་མིན་སྐོར་གཏམ་བཤད་བྱས་ཡོད་པ་རེད་

རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་གཞིགས་པ་ཡིན་ན་ད་ཐེངས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་དང་རྒྱ་གཞུང་གི་དཔོན་རིགས་བར་གྱི་འབྲེལ་མོལ་དེར་གྲུབ་འབྲས་གང་སོན་མེད་པའི་རྟགས་མཚན་དུ་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་རྒྱ་ནག་གིས་བོད་ཐོག་བདག་དབང་གི་གནད་དོན་དེར་གུ་བཤང་གང་ཡང་གཏོང་རྒྱུ་མེད་སྐོར་བརྗོད་ཡོད་པ་རེད་           རྒྱ་གཞུང་གི་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གི་འབྲེལ་ཡོད་གུང་བྲན་ཏང་གི་དཔོན་རིགས་དང་དམིགས་བསལ་སྐུ་ཚབ་རྣམ་དང་མཇལ་མོལ་སྐབས་འདས་པའི་ལོའི་ནང་རྒྱ་ནག་གུང་བྲན་གཞུང་གི་དབུ་འཁྲིད་འོག་བོད་རང་སྐྱོངས་ལྗོངས་ནང་ཡར་རྒྱས་ཇི་བཏང་ངོ་སྤྲོད་བྱས་ཡོད་            རྒྱ་ནག་གི་སའི་བདག་དབང་གི་གནད་དོན་ཐོག་གུ་བཤང་ནམ་ཡང་གཏོང་རྒྱུ་མིན་པ་ནན་བརྗོད་བྱས་ཡོད་ཅེས་གནས་ཚུལ་བཏོན་ཡོད་པ་རེད་           ཡང་གོང་ཞུས་སྤེལ་བའི་གནས་ཚུལ་དེའི་ནང་གོང་ས་ཏ་ལའི་བླ་མའི་སྐུ་སྒེར་གྱི་སྐུ་ཚབ་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་འབྲེལ་ཡོད་གནད་དོན་དེ་དག་ཐོག་དགོངས་ཚུལ་གསུངས་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད་ རྒྱ་ནག་གཞུང་གིས་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་དང་བཀའ་མོལ་ཇི་བྱུང་སྐོར་གསར་འགོད་གསལ་བསྒྲགས་ཤིག་རེས་གཟའ་མིག་དམར་ཉིན་གནང་རྒྱུའི་འཆར་གཞི་ཡོད་པ་རེད་

ཕྱི་ལོ་༢༠༠༢ལོར་བསྐྱར་དུ་འགོ་འཛུགས་བྱུང་བའི་བོད་རྒྱའི་འབྲེལ་མོལ་དེར་ལོ་ངོ་གཅིག་ལྷག་ཙམ་ཆད་ནས་བདུན་སྔོན་མའི་རེས་གཟའ་ཟླ་བ་ཉིན་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་རྒྱ་ནག་ཏུ་ཕེབས་པ་དེས་འབྲེལ་མོལ་དེར་སླར་གསོ་བྱུང་ཡང་དལྟའི་འཆར་གྲུབ་འབྲས་སོན་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎