ཨ་རིའི་ན་གཞོན་གྱི་སྤུན་ཉེ་དྲག་སྤྱོད་པའི་འོག་ནས་བྲོས་ཐུབ་པ།
2011.11.13
༄༅༎ཕི་ལི་པིན་སི་ནང་ཨེལ་ཁེ་ཏ་དྲག་སྤྱོད་སྒྲིག་འཛུགས་དང་ལག་འདྲེས་ཡོད་པའི་ཨ་བྭ་སེ་ཡཕ་དྲག་སྤྱོད་པས་བཙན་ཁྲིད་བྱས་པའི་ཨ་མི་རི་ཀའི་ན་གཞོན་གཅིག་གི་གཉེན་མཚན་ཞིག་བྲོས་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག
ཡུལ་དེའི་རྒྱལ་ས་མ་ནི་ལ་ནས་ཨེ་པི་གསར་ལས་ཁང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཞུང་གིས་འཇམ་དམག་དྲག་སྤྱོད་པའི་གོ་རར་འབྱོར་སྐབས་རང་ལོ་༡༨ཡིན་པ་རོམ་ནིཀ་ཇ་ཀ་རི་ཡ་གློ་བུར་དུ་བྲོས་ཐུབ་ཡོད་ལུགས་དམག་སྤྱི་ར་མོན་ཡོག་ཡོག་གིས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་འདུག འདི་ལོ་ཕྱི་ཟླ་བདུན་པའི་ཚེས་རོམ་ནིཀ་ཇ་ཀ་རི་ཡ་དང་ཁོ་པའི་ཨ་ནི་ཨ་རི་བ་དང་གེར་ཕ་ཡེཙེ་ལུན་སི་མན་དང་ཁོ་མོའི་བུ་ ལོ་༡༤ཡིན་པ་བཅས་ཕི་ལི་པིནྶེ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཛམ་བོའང་གྭ་ཞེས་པ་ཆམ་ཆམ་ལ་འགྲོ་སྐབས་དྲག་སྤྱོད་པས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་འདུག། དྲག་སྤྱོད་པས་ཟླ་བ་གཅིག་གོང་ལུན་སེ་མན་གློད་བཀྲོལ་བཏང་ཡོད་ཀྱང་བུ་བཏང་མེད་པ་རེད། ཕི་ལི་པེན་སི་དང་ཨ་མི་རི་ཀའི་གཞུང་གཉིས་ཀས་ལུན་སེ་མན་གློད་འགྲོལ་ཆེད་བླུ་རིང་གང་ཡང་སྤྲད་མེད་ཀྱང་སྒེར་ངོས་ནས་དངུལ་སྤྲད་ལེན་བྱས་ཡོད་མེད་ཤེས་རྟོགས་མེད་ལུགས་འགྲེལ་བརྗོད་བྱས་འདུག སྤྱི་སྟངས་ཡུལ་དེར་དྲག་སྤྱོད་པ་ཡུལ་མི་བཙན་ཁྲིད་དང་བླུ་རིན་ལེན་སྲོལ་ཡོངས་གྲགས་ཀྱང་ད་ལྟའི་སྐབས་གོང་ཞུས་བུ་ཆུང་མིང་སྐོར་ཞིབ་ཁྲའི་གནས་ཚུལ་གང་ཡང་མི་འདུག༎