རྒྱ་གར་དུ་དམར་ཤོག་ཚོགས་པ་འོས་བསྡུ་ཕམ་ཉེས།

རྒྱ་གར་གྱི་ཆབ་སྲིད་ནང་ད་ཆ་ཕལ་ཆེར་དམར་ཤོག་ཚོགས་པ་སྐྱར་དུ་ནུས་སྟོབས་ལྡན་པའི་སྲིད་དོན་གྱི་ཚོགས་པ་ཞིག་ཏུ་སྐྱར་གསོ་ཐུབ་རྒྱུ་ཁག།

2011.05.17

༄༅༎རྒྱ་གར་ནང་ད་རེས་མངའ་སྡེ་ཁག་ལྔའི་གཞུང་འཛིན་གསར་འདེམས་ཀྱི་འོས་བསྡུའི་ནང་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཆེན་པོ་ནུབ་སྦིན་ག་ལ་དང་ ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལའི་ནང་ དམར་ཤོག་ཚོགས་པ་དབང་ཆ་ཤོར་བ་དེས་ རྒྱ་གར་གྱི་ཆབ་སྲིད་ནང་ད་ཆ་ཕལ་ཆེར་དམར་ཤོག་ཚོགས་པ་སྐྱར་དུ་ནུས་སྟོབས་ལྡན་པའི་སྲིད་དོན་གྱི་ཚོགས་པ་ཞིག་ཏུ་སྐྱར་གསོ་ཐུབ་རྒྱུ་ཁག་པོ་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད་

རྒྱ་གར་ནང་གི་དམར་ཤོག་ཚོགས་པ་ཁག་གི་གཞི་རིམ་གྱི་ལྟ་བ་འདི་མཧྒ་ཀིས་དང་ལེ་ནན་ནེསི་ཀྱི་ཆབ་སྲིད་ཀྱི་ལྟ་བར་གཞི་འཛིན་པ་གང་ཞིག་ལ་ ཡིན་ནའི་རྒྱ་ནག་དང་ཨུ་རུ་སུ་ ཁྱུ་སྦ་སོགས་ཀྱི་དམར་པོ་གཞན་ཁག་དང་མི་འདྲ་བར་ དངོས་སུ་ལས་འཁུར་ནང་དམངས་གཙོའི་ལམ་སྲོལ་རྩ་འཛིན་གྱིས་ལས་འཁུར་ཞུ་ཡི་ཡོད་ལ་ དཔེར་ན་ནུབ་སྦེན་ག་ལ་ནང་མཚོན་ན་ མགསི་ དམར་ཤོག་ཚོགས་པས་འོས་བསྡུ་རིམ་པའི་ནང་ད་བར་རྒྱལ་ཁ་ཐོབ་སྟེ་འདས་པའི་ལོ་བཅུ་ཕྲག་གསུམ་ལྷག་གི་རིང་དབང་འཛིན་བྱས་ཡོད་པ་རེད་

དེ་ལྟར་ཡང་སྲིད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་ དེ་སྔ་རྒྱལ་སྤྱིའི་ནང་དམར་ཤོག་གི་གོང་བུའི་ནུས་མེད་པ་འགྱུར་བའི་སྐབས་རྒྱ་གར་གྱི་དམར་ཤོག་ཚོགས་པ་ཁག་ལ་ཉམ་རྒུད་གང་ཡང་བྱུང་མེད་ནའང་ ད་རེས་འོས་བསྡུའི་གྲུབ་འབྲས་ཀྱི་ཁ་ཕྱོགས་ནས་བྱས་ན་ ད་ཆ་རྒྱ་གར་གྱི་ནང་ དམར་ཤོག་ཚོགས་པར་འདུན་ལམ་ཕལ་ཆེར་མེད་པ་གྱུར་ཡོད་པ་གསུངས་ཀྱི་ཡོད་པ་རེད་

དེ་ཡང་ནུབ་སྦེན་ག་ལ་གྱི་མངའ་སྡེའི་རྒྱལ་ས་ཀལ་ཀ་ཏའི་པེ་རེ་ཛི་ཌེན་སི་(Presidency College)ཞེས་པའི་མཐོ་སློབ་ཀྱི་ཆབ་སྲིད་རིག་པའི་སློབ་དཔོན་ཌེབ་རཇ་སེན་(Debraj Sen)གྱིས་དམར་ཤོག་ཚོགས་པའི་མཐའ་མའི་བྱས་རྗེས་འདི་གོ་སྐབས་ནམ་བྱུང་ལ་ ལས་མཚམས་བཞག་་ཏེ་ངོ་རྒོལ་དང་ ལས་མིའི་སྒྲིག་འཛུགས་ནང་ལྐོག་བཟའ་ བཅོས་འགྱུར་གྱི་ལས་དོན་ལ་སྒྱིདལུག་ཆེ་བ་སོགས་མདོར་ན་ དམར་ཤོག་ཚོགས་པའི་དགོས་མཁོ་སུའང་མེད་པ་ལྟ་བུ་གྱུར་ཡོད་ཅེས་ ཁོང་གིས་ཁ་ས་ཨེ་ཨེཕ་པི་(Afp)གསར་འགྱུར་ལས་ཁང་ལ་་གསུངས་ཡོད་པ་རེད་

དེ་ཡང་༢༠༠༦་གི་མངའ་སྡེའི་གཞུང་འཛིན་གྱི་འོས་བསྡུའི་ནང་དམར་ཤོག་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་༡༧༦་ཐོབ་སྟེ་མང་མོས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ནའང་ ཐེངས་འདིའི་འོས་བསྡུའི་ནང་དམར་ཤོག་ཚོགས་པར་གྲོས་ཚོགས་ཀྱི་གདན་ཐོབ་རྐུབ་སྟེགས་གང་ཟེར་ཡང་༤༠་ལས་ཐོབ་མེད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎