རྒྱ་གར་དང་བལ་ཡུལ་ས་མཚམས་ཁུལ་དུ་ས་ཡོམ།

ས་ཡོམ་བརྒྱབ་པའི་ནང་བོད་ཁུལ་མི་གྲངས་༧ལ་སྲོག་སྐྱོན་དང༢༢ལ་རྨས་སྐྱོན་ཕོག་ཡོད་སྐོར་རྒྱ་ནག་གི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ།

2011.09.19

༄༅༎རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་ཁ་ས་རེས་གཟའ་ཉི་མའི་ཉིན་ས་ཡོམ་བརྒྱབ་པའི་ནང་བོད་ཁུལ་མི་གྲངས་༧ལ་སྲོག་སྐྱོན་དང། ༢༢ལ་རྨས་སྐྱོན་ཕོག་ཡོད་སྐོར་ རྒྱ་ནག་གཞུང་འབྲེལ་ ཤིན་ཧྭ་གསར་ལས་ཁང་གིས་དེ་རིང་གནས་ཚུལ་སྤེལ་འདུག།
རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ཐོག་གནས་ཚུལ་རྒྱང་བསྲིང་བྱས་པར་གཞིགས་ན། ཤུགས་ཚད་རིམ་པ་༦དང་ཚག་༩བྱས་པའི་ས་ཡོམས་དེའི་གཡོ་འགུལ་བོད་ནང་ཐེབས་ཡོད་ཅིང༌། གྲོ་མོ་ཁུལ་གྱི་ཐག་རིང་ཡ་དྲུང་ས་གནས་ནང་གི་ཁང་པ་མང་པོ་བརྡིབ་སྐྱོན་ཤོར་ཡོད་པ་དང༌། གློག་ཀྱང་ཆད་ཡོད་པ་རེད། ས་ཡོམ་དངོས་གཞི་དེ་ཁ་ས་བརྒྱབ་ཡོད་པ་དང༌། དེ་རིང་བསྐྱར་དུ་འགུལ་ལྷག་ཐེངས་བཞི་ཙམ་བྱུང་ཡོད་པ་དང༌། རྒྱ་ནག་གི་སྲོག་སྐྱོབ་ལས་དོན་རུ་ཁག་ཁུལ་དེར་འཕྲལ་མ་ཉིད་དུ་བཏང་ནས་གནོད་སྐྱོན་ཇི་ཙམ་ཕྱིན་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་རྒྱང་བསྲིང་བྱས་ཡོད་པ་རེད། ཁ་སའི་ས་ཡོམ་དེའི་ནང་རྒྱ་གར་ཁུལ་མི་གྲངས་༢༥ཙམ་འདས་གྲོངས་ཕྱིན་ཡོད་པ་མ་ཟད། བལ་ཡུལ་ནང་དུའང་མི་གྲངས་༥ཙམ་ལ་སྲོག་སྐྱོན་བྱུང་འདུག།
ཁ་སའི་ས་ཡོམ་དེ་བཞིན་འབྲས་ལྗོངས་དང་བལ་ཡུལ་གཉིས་ཀྱི་ས་མཚམས་འཁེལ་སར་རེས་གཟའ་ཉི་མའི་དགོང་འདྲོ་ཆུ་ཚོད་༦པ་ཡོལ་ནས་སྐར་མ་༡༠ཙམ་ལ་རྒྱབ་པའི་རྗེས་། ཁྱིམ་མཚེས་འབྲུག་ནང་དུའང་ས་འགུལ་ཐེབས་ཡོད་པའི་སྐོར་ཨ་རིའི་ས་གཞིས་བརྟག་དཔྱད་ཞིབ་འཇུག་ཁང་གིས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎