བོད་ཀྱི་གཞོན་ནུའི་ཚོཊ་གཙོ་གཙོས་མི་གྲངས་བརྒྱ་ལྷག་འཇུ་བཟུང་།


2015.03.10
ལྡི་ལིར་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྐབས། ༢༠༡༥།༣།༡༠ ལྡི་ལིར་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྐབས། ༢༠༡༥།༣།༡༠
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞོན་ནུས་རྒྱ་ནག་གཞུང་ཚབ་ཁང་ལ་སྒོ་མཆོངས་ལས་འགུལ་སྤེལ་པ་དང་བལ་ཡུལ་ལ་ཉེན་རྟོག་པས་དམ་དྲག་བྱས་འདུག
དེ་ཡང་ལྡི་ལིར་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༦སྲུང་བརྩི་ཞུས་ཡོད་པ་དང་། རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐེ་པས་ཚོགས་མི་སོགས་མི་གྲངས་༡༠༠ལྷག་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ལ་སྒོ་མཆོངས་ལས་འགུལ་སྤེལ་སྐབས་ལག་ཆ་ཐོགས་པའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། གཟའ་མིག་དམར་ཉིན་རྒྱལ་ས་ལྡི་ལིའི་ནང་ངོ་རྒོལ་བྱེད་མཁན་བོད་མི་ཁག་ཅིག་གི་ངོ་གདོང་དང་ལུས་ཐོག་ལ་བོད་ཀྱི་རྒྱལ་དར་བྲིས་ཡོད་པ་དང། ཡང་ཁག་ཅིག་གིས་ལུས་སྟོད་དུ་གང་ཡང་མ་གྱོན་པ་དང་ཁ་རས་ནག་པོ་རྒྱབ་ཡོད་ཅིང། ཁོང་ཚོས་བོད་ལ་རང་བཙན་དགོས་པའི་སྐད་འབོད་བྱས་པ་མ་ཟད། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བརྗོད་ཚིག་འཁོད་པའི་རས་དར་འཕྱར་བ་སོགས་བྱས་པའི་རྗེས་ཉེན་རྟོག་པས་ཁོང་ཚོ་དྲུད་འཐེན་བྱས་ཏེ་འཇུ་བཟུང་བྱས་ཡོད་པ་རེད། ངོ་རྒོལ་གནང་མཁན་གྲས་ནས་ལོ་༢༠ཡིན་པའི་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ཧྥ་རན་སི་གསར་འགོད་པར། ང་ཚོས་བོད་དེ་རྒྱ་ནག་ནས་རང་དབང་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ལ། ང་ཚོར་དགོས་པ་དེ་ཁོ་ན་ཡིན། ང་ཚོ་རྒྱ་ནག་འོག་ཏུ་བསྡད་འདོད་མེད། རྒྱ་ནག་བོད་ནས་འགྲོ་དགོས་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ངོ་རྒོལ་བྱེད་མཁན་ཚོས་སྲུང་སྐྱོབ་དམ་བསྒྲགས་ཆེ་བའི་རྒྱ་ནག་གཞུང་ཚབ་ཁང་གི་རྒྱལ་སྒོ་ལྟེ་བའི་ཕྱོགས་སུ་མདུན་མཆོངས་བྱེད་ཐབས་བྱས་ཡོད་པ་རེད། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་ཧ་ལམ་བོད་མི་༡༠༠ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང། དེའི་ནང་དུ་བུད་མེད་མི་ཉུང་བ་ཡང་མཉམ་ཞུགས་བྱས་ཡོད་པ་ཡང་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
དེ་བཞིན་བོད་མི་བཙན་བྱོལ་བ་སྟོང་ཕྲག་འགའ་ཤས་གནས་སྡོད་བྱེད་ཡུལ་བལ་ཡུལ་ནང་དུས་རྒྱུན་གསུམ་བཅུའི་དུས་དྲན་སྐབས་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་སྲོལ་ཡོད་ཀྱང་བལ་ཡུལ་གཞུང་ཕྱོགས་ནས་བོད་མིའི་ཐོག་གནོན་ཤུགས་ཇེ་ཆེར་བཏང་བའི་རྐྱེན་གྱིས་འདི་ལོ་ངོ་རྒོལ་ལས་འགུལ་སྤེལ་ཐུབ་མེད་པ་དང་། བལ་པོའི་ཉེན་རྟོག་པ་མང་པོས་ཕྱི་ལོག་ཏུ་མྱུལ་ཞིབ་བྱེད་བཞིན་ཡོད་པ་མ་ཟད་། བལ་ཡུལ་གཞུང་གིས་སྔ་ས་ནས་བོད་མིའི་སྒེར་ལངས་དུས་དྲན་ཆེད་བོད་དོན་ལས་འགུལ་སྤེལ་མི་ཆོག་པའི་སྔོན་བརྡ་བཏང་ཡོད་འདུག    

གསར་འགོད་པ་ཉི་མ་གཡུ་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎