འཛམ་གླིང་ནང་གསར་འགོད་པ་བཀག་ཉར་བྱེད་མཁན་སྡུག་ཤོས།


2015.04.24
རྒྱ་ནག་ཉེན་རྟོག་པས་གསར་འགོད་པ་བཀག་བསྡོམས་བྱེད་བཞིན་པ། རྒྱ་ནག་ཉེན་རྟོག་པས་གསར་འགོད་པའི་ལས་དོན་བཀག་བསྡོམས་བྱེད་བཞིན་པ།
དྲ་བཤུས། AFP

རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་རྒྱ་ནག་ནང་ཁྱོན་གསར་འགོད་པ་༤༤ཙམ་བཀག་ཉར་བཙོན་འཇུག་བྱས་པ་བརྗོད་ཡོད།
དེ་ཡང་ཨ་རིའི་ནང་རྟེན་གཞི་བྱས་པའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པ་Commiittee to protect journalists ཞེས་པས་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་གསར་འགོད་པ་བཀག་ཉར་དང་སུན་གཙེར་བཟོས་པ། དྲ་རྒྱའི་བརྒྱུད་ལམ་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པའི་གནད་དོན་ཐོག་ཞིབ་འཇུག་བྱས་ནས་གསར་འགྱུར་རང་དབང་གི་གནས་སྟངས་ཞེས་འཁོད་པའི་སྙན་ཐོ་ཞིག་ཟླ་བ་འདིའི་ཚེས་༢༡ཉིན་འདོན་སྤེལ་བྱས་ཡོད་ཅིང་། སྙན་ཐོ་དེའི་ནང་། རྒྱ་ནག་དང་། བྱང་ཀོ་རི་ཡ། བེག་ནམ། ཁྱུ་པ། འབར་མ། ཨི་རག Azerbaijan Saudi Arabiཨ་ཧྥེ་རི་ཀའི་ཡུལ་གྲུ་ Eritreaདང་། Ethiopiaབཅས་གནས་སྟངས་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་༡༠ཡི་མིང་ཐེར་འདོན་བྱས་ཡོད་པ་དང་། དེའི་ནང་རྒྱ་ནག་ཨང་རིམ་བརྒྱད་པ་སྟེ་ གསར་འགོད་པ་བཀག་ཉར་བྱེད་མཁན་ཚབས་ཆེ་ཤོས་དེ་ཡིན་པ་འཁོད་འདུག གསར་འགོད་རང་དབང་སྡུག་ཤོས་ཡུལ་གྲུ་ཨང་དང་པོ་དེ་ཨ་ཧྥེ་རི་ཀའི་ཡུལ་གྲུ་Eritreaདང་། ཨང་གཉིས་པ་དེ་བྱང་ཀོ་རི་ཡ་ཡིན་པ་བཅས་འཁོད་ཡོད་འདུག་ཅིང་། གསར་འགོད་པ་སྲུང་སྐྱོབ་ལྷན་ཚོགས་དེས་རྒྱ་ནག་ལོ་བསྟུན་མར་མིང་གཞུང་དེའི་ནང་ཚུད་པའི་རྒྱུ་རྐྱེན་ཐད། སྙན་ཐོའི་ནང་བཏོན་པའི་རྒྱལ་ཁབ་གཞན་ཁག་བདུན་དང་བསྡུར་ན་རྒྱ་ནག་སྐམ་ས་ཆེན་མོའི་ནང་དྲ་རྒྱའི་བརྒྱུད་ལམ་ཐོག་ཞིབ་བཤེར་བྱེད་པའི་གནས་སྟངས་ཅུང་ཡངས་བ་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་རྐྱེན་གྱིས་གསར་འགོད་རང་དབང་སྡུག་ཤོས་ཨང་རིམ་བརྒྱད་པ་དེ་ཆགས་ཡོད་ལ་རྒྱ་ནག་ནང་ཁྱོན་གསར་འགོད་པ་༤༤ཙམ་བཀག་ཉར་བཙོན་འཇུག་འོག་ཡོད་མུས་དང་། དེའི་ནང་ནས་མི་གྲངས་༢༩སྲིད་གཞུང་ལ་ངོརྒོལ་བྱས་པའི་ཉེས་མིང་ཐོག་ནས་འཛིན་བཟུང་བྱས་ཡོད་ཅིང་། རྒྱ་ནག་འཛམ་གླིང་ནང་ནས་གསར་འགོད་པ་བཀག་ཉར་བྱས་པ་མང་ཤོས་དེ་ཆགས་ཡོད་པ་མ་ཟད། རྒྱ་ནག་ཏུ་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་དུང་ཕྱུར་༦ལྷག་གིས་ལྟ་ཚུལ་མི་མཐུན་པའི་གནས་ཚུལ་དང་།  སྤྱི་ཚོགས་དྲ་འབྲེལ་གྱི་བརྒྱུད་ལམ་ཁག་ལ་ལྟ་ཀློག་བྱེད་པར་གཞུང་ཕྱོགས་ཀྱིས་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། ཕྱིའི་བརྒྱུད་ལམ་ཁག་ནང་སིམ་འཛུལ་བྱེད་ཀྱི་ཡོད་པའི་སྐོར་སོགས་འཁོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎