བརྐྱངས་ཕྱག་འཚལ་ནས་བོད་དོན་ཞུ་འབོད།

བོད་མི་གཞོན་སྐྱེས་ཁག་ཅིག་གིས། སྨོན་ལམ་འདོན་པའི་ཐོག་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་རྒྱལ་སྒོ་བར་བརྐྱངས་ཕྱག་འཚལ་ནས་བོད་དོན་ཞུ་འབོད་བྱས་འདུག

2012.09.13

༄༅།  །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་འདི་རིང་ཉིན་གྲངས་༡༡འགྲོ་གི་ཡོད་པ་དང་།        དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་རྒྱུན་ལས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་སྣེ་ཁྲིད་ཐོག ལྡི་ལི་མཐོ་སློབ་ནང་གི་བོད་མི་གཞོན་སྐྱེས་ཁག་ཅིག་གིས།  ཁ་ས་ཚེས་༡༢ཉིན་སྨོན་ལམ་འདོན་པའི་ཐོག་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་རྒྱལ་སྒོ་བར་བརྐྱངས་ཕྱག་འཚལ་ནས་བོད་དོན་ཞུ་འབོད་བྱས་འདུག

ཁོང་རྣམས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་འབྱོར་སྐབས། རྒྱ་གར་ཉེན་རྟོག་པས་བཀག་འགོག་བྱས་སྟབས། ལས་འགུལ་བ་ཚང་མ་དེ་མུར་བསྡད་ནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་གསར་འགོད་པ་གཙོས་པའི་དེར་ཡོད་རྣམས་ལ་གཏམ་བཤད་གནང་འདུག ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གཏམ་བཤད་ནང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཙན་འཛུལ་བཙན་གནོན་འོག བོད་ནང་གི་གནས་སྟངས་ནི། དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་ ཛ་དྲག་གི་གནས་སྟངས་དེས་རྐྱེན་པས་གཞོན་ནུ་ལྷན་ཚོགས་ངོས་ནས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན་དང་། ལས་འགུལ་དེའི་བརྒྱུད་མཉམ་སྦྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཉམ་སྦྲེལ། རྒྱལ་སྤྱིའི་སྤྱི་ཚོགས་དང་། དེ་བཞིན་རྒྱ་ནག་གཞུང་བཅས་པར་རེ་འདུན་གཅིག་དང་དགོས་འདུན་དོན་ཚན་བཞི་བཅས་ངོ་སྤྲོད་གསལ་འདོན་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎