ཀོང་ཏུང་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་བ་ཁྲིམས་གཏུཊ་བྱེད་འཆར།


2016.04.18
རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་Guangdong་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་Liu Zhigeng རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་Guangdong་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་Liu Zhigeng
དྲ་བཤུས།/weibo

རྒྱ་ནག་གཞུང་གིས་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་Guangdong་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་Liu Zhigeng་ཡིས་ལྐོག་ཟ་རུལ་སུངས་བྱས་པ་དང་། དབང་ཆ་བེད་སྤྱོད་ལོག་པར་བཏང་བར་ཁོ་པར་ཁྲིམས་གཏུགས་བྱེད་འཆར་ཡོད་འདུག།  
རྒྱ་ནག་དབུས་གཞུང་གི་སྒྲིག་ཁྲིམས་ཞིབ་འཇུག་ཚོགས་ཆུང་གིས་དེ་རིང་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་གཞུང་གིས་ཀོང་ཏུང་Guangdong་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་བ་Liu Zhigeng་ཡིས་ལྐོག་ས་ལྐོག་རྔན་དང་། དབང་ཆ་བེད་སྤྱོད་ལོག་པ་བཏང་བའི་གནད་དོན་ཐད་དཔྱད་ཞིབ་བྱས་པའི་རྗེས་སུ་ཁོ་པར་རྒྱ་ནག་གཞུང་གིས་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་དང་། ཁོ་པར་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་དཔྱད་ཞིབ་བྱེད་འགོ་བཙུགས་པར་ཁོ་པས་རྨོངས་དད་ཀྱི་ལས་དོན་ནང་བཞུགས་པ་ཤེས་རྟོགས་བྱུང་ལུགས་ཀྱང་བརྗོད་འདུག།  
གོང་ཞུས་རྒྱ་གཞུང་གིས་བཙུགས་པའི་ནག་ཉེས་དེ་དག་ནི་གནས་དབྱུང་བཏང་བའི་རྒྱ་མིའི་དཔོན་རིགས་ཚོར་མིང་ཆད་ངན་པ་འཕར་མ་བཟོ་རྒྱུའི་སླད་དུ་ཡང་སེ་ནག་ཉེས་དེ་རིགས་བཙུགས་ཀྱི་ཡོད་པ་དང་། རྒྱ་ནག་དམར་པོའི་གཞུང་དེ་ཆོས་ལ་ཡིད་ཆེས་མི་བྱེད་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གུང་ཁྲན་ཏང་མིའམ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོ་ཡང་ཆོས་ལ་དད་གུས་ཡིད་ཆེས་བྱེད་མཁན་མིན་པར་གཞུང་འབྲེལ་སྒོ་ནས་ངོས་འཛིན་བྱེད་ཀྱི་ཡོད་རེད།  
ད་ཆ་Liu་ནི་རྒྱ་ནག་གུང་ཁྲན་ཏང་ནས་ཕྱིར་འབུད་བཏང་བ་དང་། ཁོ་པའི་གནད་དོན་དེ་ཁྲིམས་དང་འབྲེལ་ཡོད་ཀྱི་དཔོན་རིགས་ཚོར་རྩིས་སྤྲོད་ཟིན་ལུགས་ཀྱང་རྒྱ་ནག་དབུས་གཞུང་གི་སྒྲིག་ཁྲིམས་དཔྱད་ཞིབ་ཚོགས་ཆུང་གིས་བརྗོད་འདུག།
ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ལྐོག་ས་རུལ་སུངས་ཐོག་དྲག་གནོན་བྱ་རྒྱུའི་ལས་འགུལ་སྤེལ་ནས་ལྐོག་ཟ་ལྐོག་རྔན་ལེན་མཁན་གཞུང་གི་དཔོན་རིགས་མཐོ་གྲས་མང་པོས་གཙོས་པའི་དེ་སྔ་ཁོང་གི་ཆབ་སྲིད་ཀྱི་དགྲ་ཡ་མང་པོིར་ཁྲིམས་ཐོག་ནས་ཉེས་ཆད་བཏང་ཡོད་པ་རེད༎           

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎