དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་གཏུགས་བྱས་འདུག


2018.05.18
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཁྲིམས་གཏུག་ལ་ཕེབས་སྐབས། ༢༠༡༨།༥།༡༨ བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཁྲིམས་གཏུག་ལ་ཕེབས་སྐབས། ༢༠༡༨།༥།༡༨
RFA

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་ལ་བཀའ་ཤག་གིས་མ་ཉེས་ཁག་གཡོག་བྱས་པར་བསྙད་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས་འདུག
བྱང་ཨ་མི་རི་ཀའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་གནང་པའི་རྒྱུ་མཚན་ནི།  ཁོང་གི་ཐོག་མ་ཉེས་ཁ་གཡོག་བྱས་པ་དང་།  ནོར་འཁྲུལ་མ་བྱས་པ་གཅིག་ལ་བྱས་པའི་སྐྱོན་བཙུགས་བྱུང་བ་ཡིན་སྟབས།་  དེ་ཁྲིམས་ཀྱི་གནད་དོན་ཞིག་ཆགས་པ་ཡིན་པ་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་རྡ་རམ་ས་ལར་གསར་འགོད་པ་ཚོར་གསུངས་འདུག
ད་དུང་སྤེན་པ་ཚེ་རིང་ལགས་ཀྱིས།  ཁྲིམས་ཞིབ་ཁང་ནས་ཐག་གཅོག་ག་རེ་གནང་ཡང་དེ་གཞིར་བཟུང་ཕེབས་རྒྱུ་ཡིན་པ་གསུངས་འདུག་ལ།  ད་དུང་ཁོང་གིས་གསར་འགོད་པ་ཚོར།   གཞུང་འབྲེལ་མཛད་སྒོའི་སྐབས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ག་རེ་གསུང་ཡོད་པ་རེད། དེ་ཚོ་ཚང་མས་མཁྱེན་མཁྱེན་པ་རེད། དེ་ཡིན་དུས་གལ་སྲིད་ཁྲིམས་ཁང་ལ་མ་བཅར་ན་མ་འོངས་པར་ཡང་གནད་དོན་ག་རེ་ཆགས་ཀྱི་ཡོད་མེད་ཤེས་ཀྱི་མ་རེད། དེར་བརྟེན། ལམ་ཁ་གཉིས་མ་གཏོགས་མེད་པ་ལས་གཅིག་འཛིན་སྐྱོང་ནས་ཐུགས་འགན་བཞེས་རྒྱུ་དང་། གཞན་དེ་དཔལ་ལྡན་ཁྲིམས་ཞིབ་ཁང་ནས་གཙང་མ་བཟོ་ཡ་རེད། ཁྲིམས་ཞིབ་ཁང་ལ་བཅར་རྒྱུ་དེ་ང་རང་བོད་པ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ངའི་ལས་འགན་དུ་མཐོང་གི་ཡོད་ཅེས་གསུངས་འདུག
དེ་མིན་དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་ལགས་ཀྱིས། ཁོང་ལ་བདེན་པ་ཡོད་པའི་ཡིད་ཆེས་ཀྱི་ཐོག་ནས་ཁྲིམས་གཏུགས་གནང་པ་ཞིག་ཡིན་པ་དང་།  ཁྲིམས་ཞིབ་ཁང་ནས་གནས་ཚུལ་ཐག་གཅོད་མ་གནང་བར་གང་ཡང་གསུང་རྒྱུ་མིན་པ་གསལ་བཤད་གནང་འདུག
དེ་བཞིན་བཀའ་ཤག་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་ངོས་ནས་གནས་སྐབས་འདིའི་ཐད་ལན་འདེབས་གསལ་བཤད་གང་ཡང་མེད་པ་གསར་འགོད་པ་ཚོར་བཀའ་དྲུང་ཡིག་ཚང་བརྒྱུད་ལན་བརྡ་གནང་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎