སྐུ་ཞབས་ཁ་ཊར་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན།


2019.11.12
སྐུ་ཞབས་ཁ་ཊར་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན། ༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁ་ཊར་དབར་ཕྱི་ལོ་༢༠༠༢ལོར་མཇལ་མོལ་སྐབས།
ཨ་རིའི་གཞུང་འབྲེལ་དྲ་ཚིགས།

སྤྱི་ཚེས་༡༢ཉིན་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམ་མི་ཁ་ཊར་( Jimmy Carter )མཆོག་རེས་གཟའ་ཟླ་བའི་ཉིན་ཁོང་གི་གཟིམ་ཤག་ནས་སར་འགྱེལ་བའི་རྐྱེན་གྱིས་སྨན་ཁང་དུ་བཞུགས་དགོས་བྱུང་བར་བརྟེན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་མ་ཐག་སྲིད་འཛིན་ཟུར་པ་མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། སྐུ་ཉིད་ནས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད། ངོས་ཀྱིས་སྐུ་ཉིད་ནས་ལོ་མང་རིང་མི་མང་ཉམ་ཐག་རྣམས་ཀྱི་ཆེད་དུ་བློས་བཏང་གིས་ཕྱག་ལས་རླབས་ཆེན་ཧུར་ཐག་གནང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐུ་ཉིད་ནས་ང་ཚོར་གཞན་ཕན་གྱི་ཕྱག་ལས་ཇི་ལྟར་གནང་དགོས་པའི་སྐོར་མིག་དཔེ་བཟང་པོ་བསྟན་ཡོད། སྐུ་ཉིད་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་དང་བཅས།ཞེས་མཚམས་འཕྲིན་བསྩལ་གནང་ཡོད་པ་རེད།

སྲིད་འཛིན་ཟུར་བ་ཇིམ་མི་ཁ་ཊར་རེས་གཟའ་ཟླ་བའི་དགོང་དྲོར་སར་འགྱེལ་ནས་དབུ་ལ་རྨ་བཟོས་པ་དང་། ད་ལྟའི་ཆར་ཨེཊ་ལེན་ཊ་(Atlanta)གྲོང་ཁྱེར་ནང་ཡོད་པའི་ཨེ་མོ་རི་(Emory)གཙུག་ལག་སློབ་གྲྭ་ཆེན་མོའི་སྨན་ཁང་དུ་སྨན་བཅོས་གནང་བཞིན་ཡོད་པ་ཁ་ཊར་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་འདུག

སྐུ་ཞབས་ཇིམ་མི་ཁ་ཊར་མཆོག་གིས་ ༡༩༧༧ ལོ་ནས ༡༩༨༡ བར་ཨ་རིའི་སྲིད་འཛིན་གནང་ཡོད་པ་དང་། དེང་སྐབས་དགུང་ལོ་༩༥ཕེབས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎