རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ།

ཨོ་སི་ཀྲི་རི་ཡར་བོད་མི་དང་ཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་མིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ལ་ངོ་རྒོལ་ཤུགས་ཆེ་གནང་བཞག

2011.11.02

༄༅༎ཁ་ས་ཨོ་སི་ཀྲི་རི་ཡའི་གྲོང་ཁྱེར་སོལ་ཛི་སྦག་ཏུ་བོད་མི་དང་ཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ཚོགས་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ཁུལ་དེར་འབྱོར་བའི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ལ་ངོ་རྒོལ་ཤུགས་ཆེ་གནང་བཞག།
སྲིད་འཛིན་ཧུ་ཅིང་ཏའོས་ཨོ་སི་ཀྲི་རི་ཡའི་ནང་ཉིན་གཉིས་ཀྱི་ལྟ་སྐོར་མཇུག་སྒྲིལ་མཚམས་གྲོང་ཁྱེར་སོལ་ཛི་སྦག་ནང་འབྱོར་ཡོད་ཅིང་ ངོ་རྒོལ་གནང་མཁན་བོད་མི་ཚོས་ བོད་ལ་རང་དབང་དགོས། བོད་ནང་ཆོས་དད་རང་དབང་མི་འདུག་ཅེས་སྐད་འབོད་ཤུགས་ཆེ་སྐྱོན་སྐབས་ གྲོང་ཁྱེར་དེའི་ནང་བདེ་འཇགས་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་རེད།
ད་རེས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཨོ་སི་ཀྲི་རི་ཡའི་ནང་ལྟ་སྐོར་བྱ་ཡུན་རིང་ཁུལ་དེའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ཐེངས་འགའ་ཤས་གནང་ནས་དེང་སྐབས་རྒྱ་ནག་གིས་བོད་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པར་ངོ་རྒོལ་སྐད་འབོད་གནང་འདུག།
སྲིད་འཛིན་ཧུ་ཅིང་ཏའོས་ ཨོསི་ཏྲེ་རི་ཡའི་ནང་གི་གཞུང་འབྲེལ་ལྟ་སྐོར་ཚར་བའི་རྗེས་སང་ཉིན་དང་གནང་ཉིན་བཅས་ཉིན་གཉིས་རིང་ཕེ་རེན་སི་གྲོང་ཁྱེར་ཁའན་སེ་ རུ་འཛམ་གླིང་གྱི་རྒྱལ་ཁབ་༢༠འི་ཆེས་མཐོའི་ལྷན་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎