ཨ་རིས་རྒྱ་གར་དང་འབྲེལ་ལམ་ཡར་རྒྱས་གཏང་འཆར་ཡོད་པ།

ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རིང་མིན་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་ཚོར་གནང་བཞིན་ཡོད་པ་རེད།

2010.10.30

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རིང་མིན་རྒྱ་གར་དུ་རྒྱལ་དོན་ཚམས་གཟིགས་སུ་ཕེབས་རྒྱུར་དགའ་ཚོར་གནང་བཞིན་པ་དང་དུས་ཚུངས་རྒྱ་གར་དང་ཨ་རིའི་དབར་འབྲེལ་ལམ་འཕེལ་རྒྱས་ཡོང་རྒྱུའི་ཐུགས་རེ་ཡང་གནང་བཞིན་ཡིན་པ་གསུང་འདུག 

ཨ་རིའི་སྲིད་འཛིན་མཆོག་ཟླ་བ་རྗེས་མ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་ཨ་རིའི་སྲིད་འཛིན་མཆོག་ནས་ད་རེས་རྒྱ་གར་གྱི་རྒྱལ་དོན་ཚམས་གཟིགས་དེ་བཞིན་གལ་འགངས་ཆེན་པོ་ཞིག་ཏུ་རྩིས་གནང་གི་ཡོད་པའི་སྐོར་ཨ་རིའི་འབྲེལ་ཡོད་དཔོན་རིགས་ཤིག་གིས་འགྲེལ་བརྗོད་གནང་འདུག    

ཨ་རིའི་སྲིད་འཛིན་རྒྱ་གར་དུ་ཚམས་གཟིགས་གནང་བའི་རིང་རྒྱ་གར་གྱི་དཔོན་རིགས་རྣམ་པ་ཚོ་དང་ལྷན་དུ་ཨ་རི་དང་རྒྱ་གར་དབར་མཐུན་ཕྱོགས་ཡུལ་གྲུའི་འབྲེལ་ལམ་འཛུགས་རྒྱུའི་སྐོར་བཀའ་མོལ་གནང་རྒྱུ་ཡིན་པ་དང་ ཨ་རིའི་ནང་༩།༡༡གི་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་དོནརྐྱེན་བྱུང་བའི་རྗེས་ཨ་རི་དང་རྒྱ་གར་དབར་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ཀྱི་ལས་དོན་མཉམ་ལས་གནང་རྒྱུའི་འདུན་པ་ཆེ་རུ་ཕྱིན་ཡོད་པའི་སྐོར་གོང་ཞུས་མིང་འདོན་གནང་དོད་མེད་པའི་ཨ་རིའི་དཔོན་རིགས་དེས་རྒྱ་གར་གྱི་ཚགས་ཤོག་རྒྱ་གར་གྱི་དུས་བབ་ཅེས་པར་འགྲེལ་བརྗོད་གནང་འདུག  

ཨ་རིའི་སྲིད་འཛིན་མཆོག་རྒྱ་གར་ནང་རྒྱལ་དོན་ཚམས་གཟིགས་གནང་བའི་རིང་གཙོ་བོ་རྒྱལ་སྤྱིའི་ཐོག་ཡུལ་གྲུ་གཉིས་ཀྱིས་གདོང་ལེན་གནང་དགོས་པའི་གནད་དོན་ཁག་གི་བཀའ་བསྡུར་གནང་རྒྱུ་ཨ་རིའི་དཔོན་རིགས་ནས་འགྲེལ་བརྗོད་གནང་ཡོད་ཀྱང་ ཞིབ་ཕྲའི་གནད་དོན་ག་རེའི་ཐོག་བཀའ་མོལ་གནང་མིན་གསལ་བཤད་གང་ཡང་ཕྱིར་བསྒྲགས་གནང་མེད་ཅིང་ ཡིན་ནའི་ཨ་རིའི་སྲིད་འཛིན་རྒྱ་གར་དུ་རྒྱལ་དོན་ཚམས་གཟིགས་སུ་ཕེབས་ནས་མ་འོངས་རྒྱ་གར་དང་འབྲེལ་ལམ་བཟང་དུ་བཏང་སྟེ་པ་ཀི་སི་ཐན་དང་འབྲེལ་ལམ་ཐག་རིང་དུ་གཏོང་སྲིད་པའི་སྐོར་ གླེང་མཁན་ཡོད་པ་དེ་ཚོ་དེན་པ་མིན་པའི་སྐོར་ཡང་གསལ་སྟོན་གནང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎