རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་མདུན་མཆོད་འབུལ་སྨོན་ལམ།

༸གོང་ས་མཆོག་དབུ་བཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་མདུན་དུ་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་པ།

2012.01.06

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་མདུན་དུ་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡདོ་འདུག་
ཕྱི་ཟླ་དང་པོའི་ཚེས་དྲུག་ཉིན་གྱི་སྔ་དྲོ་ཚོུད་༧པའི་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་གོ་སྒྲོག་ཞུས་པའི་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཕེབས་ཏེ་  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་  དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་  ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག  རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སོགས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བསྟན་པའི་བདག་པོའི་དབུ་ཁྲིད་རྣམ་པ་  གཞན་ཡང་དགོན་སྡེ་ཁག་གི་མཁན་པོ་དང་བླ་སྤྲུལ་རྣམ་པ་ བཀའ་བློན་ཁྲི་པ་མཆོག་དང་ཆོས་རིག་བཀའ་བློན་་ ནང་སྲིད་བཀའ་བློན་  དཔལ་འབྱོར་བཀའ་བློན་  ཕྱི་དྲིལ་བཀའ་བློན་སོགས་དང་  ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཅཌ་ གེར་དང་  སེར་སྐྱ་མི་དམངས་སྟོང་ཚོ་བརྒལ་བས་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་སྤྱི་འཛམ་གླིང་ཞི་བདེ་དང་  ཡང་སྒོས་བོད་ནང་གི་གནས་སྟངས་དང་ འབྲེལ་བའི་བོད་མི་འདས་སོན་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཚོུད་གཅིག་དང་ཕྱེད་ཀའི་རིང་ཚོགས་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎