ཧོང་ཀོང་ཡེ་ཤུའི་སློབ་དཔོན་བསྐོ་བཞག་ལ་པོཔ་ནས་སྐྱོན་བརྗོད།
2011.02.05
༄༅༎ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་པོཔ་སྦེ་ན་ཌིཀཊ་བཅུ་དྲུག་པས་ཧོང་ཀོང་ནང་གི་ཡེ་ཤུའི་བླ་མ་ཞིག་ལ་སྦི་ཤོབ་ཞེས་སློབ་དཔོན་གྱི་གོ་གནས་སུ་བསྐོ་བཞག་གནང་པ་དེ་ནི་པོཔ་ཀྱི་ཐོབ་ཐང་འབའ་ཞིག་ཡིན་པ་གསུངས་སྟེ་དུས་རྒྱུན་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གིས་བཀའ་ཁྲོལ་མེད་པར་སྦི་ཤོབ་བསྐོ་བཞག་ཆོག་མིན་གྱི་ལངས་ཕྱོགས་དེར་ཐད་ཀར་ཁ་གཏད་གནང་པ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གཟའ་སྤེན་པའི་ཉིན་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་ལྦེཊི་ཀན་དུ་ཧོང་ཀོང་གྱི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་མ་ས་ལྦི་ཡོ་ཧོན་ཏའེ་ཕའེ་ཐེ་བས་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ཡིན་པའི་བླ་མ་ཁག་གཅིག་བླ་ཆེན་པོཔ་གྱིས་སྦི་ཤོབ་ཏུ་བསྐོ་བཞག་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་ལྦེ་ཊི་ཀན་གྱི་བཀའ་ཁྲོལ་མེད་པར་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་པའི་མི་སྣ་ཁག་གཅིག་ལ་རྒྱ་ནག་ནང་གི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་སློབ་དཔོན་ཏུ་བསྐོ་བཞག་བྱེད་བཞིན་ཡོད་པའི་གནད་དོན་གྱི་ཐོག་ནས་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་ལྦེ་ཊི་ཀན་དང་རྒྱ་ནག་གཞུང་དབར་གྱི་འབྲེལ་ལམ་བཟང་པོ་མེད་པའི་དུས་ཚོད་ཞིག་གི་ཐོག་བསྐྱོད་བཞིན་ཡོད་ཅིང་ གཟའ་སྤེན་པའི་ཉིན་ཡེ་ཤུའི་བླ་ཆེན་པོཔ་མཆོག་གིས་རྒྱ་ནག་གིས་བཀའ་ཁྲོལ་མེད་པར་ཧོང་ཀོང་གི་བླ་ཆེན་དེར་སྦི་ཤོབ་ཏུ་བསྐོ་བཞག་གནང་བ་དེ་ནི་རྒྱ་ནག་གཞུང་ལ་ཐད་ཀར་ཁ་གཏད་ཀྱི་རྣམ་འགྱུར་བསྟན་པ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།།