རོ་ཧིན་གྱ་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཡོད།
2017.11.26

༄༅༎སྦང་ལ་རྡེཤ་ནང་ཡོད་པའི་ཡེ་ཤུའི་གནམ་ཐག་ཆོས་ལུགས་ཀྱི་བླ་ཆེན་ཞིག་གིས་ཡེ་ཤུའི་བླ་ཆེན་Pope Francis མཆོག་སྦང་ལ་རྡི་ལིའི་ནང་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་པ་ཡིན་ན་སྦང་ལ་རྡེཤ་ནང་ཡོད་པའི་Rohingya སྐྱབས་བཅོལ་བ་ཚོ་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཡོད་པ་བརྗོད་འདུག་
བདུན་ཕྲག་སྔོན་མར་སྦང་ལ་རྡེཤ་ནང་Rohingya སྐྱབས་བཅོལ་བ་མི་མང་འབུམ་ཕྲག་མང་པོ་འབར་མ་དང་། སྦང་ལ་རྡེཤ་ཡི་ས་མཚམས་ས་ཁུལ་ནས་སྦང་ལ་རྡེཤ་ནང་འབྱོར་ཡོད་པར་བརྟེན་སྦང་ལ་རྡེཤ་ནང་ཡོད་པའི་ཡེ་ཤུའི་གནམ་ཐག་ཆོས་ལུགས་ཀྱི་བླ་ཆེན་སྐུ་ཞབས་Patrick D’ Rozario ཡིས་Rohingya འི་སྐྱབས་བཅོལ་བ་མང་པོ་དེ་འདྲ་ཞིག་སྦང་ལ་རྡེཤ་ནང་མུ་མཐུད་འབྱོར་ཡོང་བ་ཡིན་ན་ཕྱོགས་གཉིས་ཀའི་གནས་སྟངས་ལ་དཀའ་ངལ་ཡོང་རྒྱུ་ཡིན་པས་དེ་སེལ་ཐབས་གནང་དགོས་ཀྱི་རེད་ཅེས་དང་། ངས་Rohingya སྐྱབས་བཅོལ་བ་ཚོ་འབར་མའི་ནང་ཕྱིར་ལོག་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་ལ་ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཁག་ནས་རེ་བ་བཅངས་བཞིན་ཡོད་པ་ལྟར་ཡེ་ཤུའི་བླ་ཆེན་Pope Francis མཆོག་སྦང་ལ་རྡེཤ་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་རྒྱུར་ང་ཚོས་སེམས་དབུས་ནས་གྲ་སྒྲིག་ཆ་ཚང་ཡོད་ཅེས་སྦང་ལ་རྡེཤ་ནང་ཡོད་པའི་ཡེ་ཤུའི་གནམ་ཐག་ཆོས་ལུགས་ཀྱི་བླ་ཆེན་D’Rozario ཡིས་AFP གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད། དེ་ག་ནང་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྡེ་ཚན་ནས་ད་ལྟ་སྦང་ལ་རྡེཤ་ནང་འབྱོར་བའི་Rohingya སྐྱབས་བཅོལ་བ་ཚོ་བདེ་ཐང་ངང་འབར་མའི་Rakihine མངའ་སྡེའི་ནང་ཕྱིར་དགོས་དགོས་པ་ལས་ཁོང་ཚོ་གནས་སྡོད་བྱེད་ཡུལ་སྦང་ལ་རྡེཤ་མིན་པའི་སྐོར་འབོད་སྐུལ་གནང་ཡོད་པ་རེད༎
གསར་འགོད་པ་དབྱངས་སྒྲོལ།