པ་སངས་དབང་ཕྱུག་ལགས་བསྐྱར་དུ་འཇུ་བཟུང་བྱས་འདུག


2015.08.07
པ་སངས་དབང་ཕྱུག་ལགས་ཀྱི་ཉེ་པར་ཞིག་དང་༢༠༡༤ལོའི་ངོ་རྒོལ་སྐབས། པ་སངས་དབང་ཕྱུག་ལགས་ཀྱི་ཉེ་པར་ཞིག་དང་༢༠༡༤ལོའི་ངོ་རྒོལ་སྐབས།
བསོད་ནམས་དབང་འདུས།RFA

༧གོང་ས་མཆོག་གི་འཁྲུངས་སྐར་གྱ་སྟོན་ཆེད་བསང་གསོལ་ཙམ་ལ་བརྟེན་ནས་པ་སངས་དབང་ཕྱུག་རྒྱ་ནག་གི་ཉེན་རྟོག་པས་ཡང་བསྐྱར་འཇུ་བཟུང་བྱས་བ།
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། ༢༠༡༤ལོའི་ཕྱི་ཟླ་བཅུ་པའི་ཚེས་༤ ཉིན་པ་སངས་དབང་ཕྱུག་ལགས་ཀྱིས། དཀར་མཛེས་རྫོང་གི་ཁྲོམ་ལམ་དུ་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས། བོད་ལ་ཞི་མོལ་དགོས། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་བརྗེད་མི་རུང་ཞེས་བྲིས་པའི་འབོད་ཚིག་གི་ཕྲེད་དར་དཀར་པོ་ཞིག་ཁྱེར་ནས་དཀར་མཛེས་ནང་ཁྲོམ་སྐོར་བྱེད་བཞིན་པའི་སྐབས་དེར་རྒྱ་མིའི་ཉེན་རྟོག་པ་ཁྱུ་གཅིག་ཡོང་ནས་ལམ་སེང་ཁོང་འཇུ་བཟུང་བྱས་ཏེ། ཟླ་ཕྱེད་བཀག་ཉར་བྱས་པ་དང་ལོ་གཅིག་རིང་འགྲོ་སྡོད་ལ་ཟབ་ཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།
ད་ལོ་ཕྱི་ཟླ་བདུན་པའི་ཚེས་དྲུག་ཏེ། ༧གོང་ས་མཆོག་དགུངས་གྲངས་༨༠ཕེབས་པའི་འཁྲུངས་སྐར་གྱ་སྟོན་སྐབས་རྒྱ་གཞུང་གིས་དཀར་མཛེས་ཁུལ་དུ་བསང་གསོལ་གཏོང་མི་ཆོག་པའི་བཙན་བཀའ་བཏང་ཡོད་ཀྱང་། ཆབ་སྲིད་བཙོན་ཟུར་པ་སངས་དབང་ཕྱུག་ལགས་ཀྱིས་བསང་གསོལ་གཏོང་བར་ཕེབས་པའི་རྐྱེན་གྱིས་སྐབས་དེར་ཁོང་ཡང་བསྐྱར་འཇུ་བཟུང་བྱས་ནས་ད་ལྟའང་བཙོན་འཇུག་བྱས་བཞག་ཡོད་པའི་སྐོར་མིང་ཕྱིར་འདོན་གནང་མེད་པའི་མི་སྣ་ཞིག་གིས་ངོ་སྤྲོད་གནང་འདུག
ད་ལྟའི་ཆར་པ་སངས་དབང་ཕྱུག་ལགས་ཀྱི་སྐོར་གནས་ཚུལ་གསལ་པོ་ཞིག་གོ་རྒྱུ་མེད་ནའང་ཁོང་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་བཙུན་འཇུག་བྱས་ནས་བཞག་ཡོད་པ་མི་ཁག་ཅིག་གིས་ཚོད་དཔག་གནང་གི་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་གནས་ཚུལ་གཏང་གནང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎