རྒྱ་གར་དང་པཀི་སི་ཏན་ཐན་བར་གྲོས་བསྡུར་བྱ་འཆར་ཡོད་པ།

རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་ཕྱི་འབྲེལ་དྲུང་ཆེ་རིམ་པའི་དབུ་ཁྲིད་རྣམ་པ་ཚོའི་དབར་ལྡི་ལིར་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

2010.02.13

༄༅༎རྒྱ་གར་དང་པ་ཀི་སི་ཐའན་གྱི་དབར་ད་ཕན་དགོངས་ཕྱོགས་མི་མཐུན་པའི་གནད་དོན་མི་ཉུང་བ་ཞིག་བྱུང་ཡོད་པ་དེ་ཚོའི་ནང་སྤྱི་ལོ་༢༠༠༨ལོའི་ནང་རྒྱ་གར་གྱི་གྲོང་ཁྱེར་མམ་བྷེའི་ནང་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པས་གཏོར་རྒོལ་བྱས་ཏེ་ཡུལ་མི་མང་པོ་སྲོག་སྐྱོན་བཏང་བའི་གནས་ཚུལ་དང་དེ་བཞིན་ཀ་ཤི་མི་རིའི་གནད་དོན་ཐད་རྒྱ་གར་དང་པ་ཀི་སི་ཐའན་གྱི་དབར་མི་མཐུན་པའི་གནད་དོན་སོགས་མང་དག་ཅིག་བྱུང་མིན་ལ་མ་ལྟོས་པར་ད་ཆ་ཡུལ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དྲུང་ཆེ་རིམ་པའི་དབུ་ཁྲིད་རྣམ་པ་ཚོའི་དབར་སྤྱི་ཟླ་༢་ཚེས་༢༥་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

ཕྱོགས་གཉིས་ཐད་ནས་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དེ་བརྒྱུད་ཡུལ་གྲུ་ཕན་ཚུན་གྱི་དབར་འཕྲད་བཞིན་པའི་དཀའ་རྙོིག་ཇི་སྙེད་ཅིག་ཡོད་པ་དེ་ཚོ་སེལ་ཐབས་ཀྱི་འབད་བརྩོན་གནང་རྒྱུ་ཡིན་པ་རེད།

ལྷག་དོན་དུ་ཡུལ་གྲུ་གཉིས་ཀྱི་ས་མཚམས་མངའ་ཁུལ་དུ་ཨ་ཕྷ་གྷ་ནི་སི་ཐའན་གྱི་ཏཱ་ལི་བྷན་དྲག་འཐབ་ཚོགས་པར་གདོང་ལེན་འཐབ་འཛིང་བྱ་རྒྱུའི་གནད་དོན་སོགས་ཀྱི་དབར་ཕན་ཚུན་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

པ་ཀི་སི་ཐའན་གྱི་སྲིད་བློན་སེཡེརྡ་ཡུ་སུཕ་ར་ཛ་ཇི་ལ་ནི་གྱིས་གཞུང་འབྲེལ་ནས་ཀྱང་འགྲེལ་བརྗོད་གནང་ཡོད་པར་པ་ཀི་སི་ཐའན་གྱི་ཕྱོགས་ནས་

རྒྱ་གར་མཉམ་དུ་འཕྲད་བཞིན་པའི་འགག་གནད་དེ་ཚོ་གསལ་བཏོན་ཞུ་རྒྱུར་དེ་ཚོ་རྒྱ་གར་གྱི་ཕྱོགས་ནས་གང་མགྱོགས་སེལ་ཐུབ་པའི་རེ་བ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎