བལ་ཡུལ་རྒྱལ་ཁང་གི་དངོས་ཆས་རྩིས་བཤེར་བྱེད་པ།

བལ་ཡུལ་གྱི་གནས་དབྱུངས་བཏང་བའི་རྒྱལ་པོས་རྒྱལ་ཁང་གི་དངོས་ཆས་ཁག་ཅིག་གཞུང་གི་རྩིས་བཤེར་མི་སྣར་རྩིས་སྤྲོད་གནང་གི་མེད་པ་རེད་

2008.06.09

༄༅༎བལ་ཡུལ་གྱི་གནས་དབྱུངས་བཏང་བའི་རྒྱལ་པོ་གྱ་ནེན་རྡར་ཡིས་ རྒྱལ་པོའི་རྒྱལ་ཞྭས་མཚོན་ རྒྱལ་ཁང་གི་དངོས་ཆས་ཁག་ཅིག་གཞུང་གི་རྩིས་བཤེར་མི་སྣར་རྩིས་སྤྲོད་གནང་གི་མེད་སྐོར་ བལ་ཡུལ་གཞུང་གི་རྒྱལ་ཁང་རྩིས་བཞེས་ཚོགས་ཆུང་གི་ཚོགས་མི་ཞིག་གིས་གསུངས་ཀྱི་ཡོད་སྐོར་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད་ དེ་ཡང་མཚན་འདོན་མ་གནང་བའི་གཞུང་གི་དཔོན་རིགས་དེས་ ང་ཚོར་རྒྱལ་ཁང་ནང་གི་དངོས་ཆས་རྟོག་ཞིབ་མ་བཅུག་པ་དང་ རྒྱལ་པོའི་རྒྱལ་ཞྭ་གཙོས་ནོར་བུའི་རིན་ཆེན་དང་ རྒྱུ་དངོས་བཅས་པ་རྩིས་བཤེར་ལ་མཐུན་འགྱུར་གནང་གི་མེད་སྐོར་བརྗོད་འདུག་ བལ་ཡུལ་གྱི་རྒྱལ་པོ་གྱ་ནེན་རྡར་ཡུལ་ནང་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་ཞིག་འོག་ རྒྱལ་པོའི་མཚན་གནས་དང་བཅས་པ་ ཆ་ཚང་ཤོར་ཡོད་པ་དང་ བལ་ཡུལ་དེ་བཞིན་ད་ཆ་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཞིག་ཏུ་གྱུར་ཏེ་ ཡུལ་གྱི་རྒྱལ་པོའི་རིང་ལུགས་དེ་ཉིད་རྩ་མེད་བཟོས་ཡོད་པ་དང་ རྒྱལ་རྒྱུད་རིང་ལུགས་དེ་ཆ་ཚང་མེད་པ་གྱུར་བ་དང་མཉམ་ བལ་ཡུལ་གྱི་རྒྱལ་པོ་གྱ་ནེན་རྡར་ལ་གཟའ་འཁོར་འདིའི་རེས་གཟའ་ཕུར་བུའི་ནང་ཚུད་ རང་གི་རྒྱལ་ཁང་དེ་བཞག་སྟེ་ བཞུགས་གནས་གཞན་ཞིག་ཏུ་གཞིས་སྤོ་དགོས་པ་དང་ ལོ་ངོ་༡༢༠ རིང་བལ་ཡུལ་གྱི་རྒྱལ་པོ་རིམ་པ་བཞུགས་ཡུལ་གྱི་རྒྱལ་ཁང་ནརན་ཧྲིཏི་དེ་བཞིན་ད་ཆ་འགྲེམས་སྟོན་ཁང་ཞིག་ཏུ་འགྱུར་གྱི་ཡོད་པ་དང་ དེ་དང་འབྲེལ་བལ་ཡུལ་གཞུང་གི་དཔོན་རིགས་ཚོས་ བལ་ཡུལ་རྒྱལ་པོའི་རྒྱལ་ཞྭ་མཚོན་ རིན་ཐང་ཆེ་བའི་དངོས་ཆས་ཁག་རྩིས་བཤེར་གྱིས་ དེབ་བཀོད་ཐུབ་ཐབས་བྱེད་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎