བལ་ཡུལ་ཉམ་ཐག་གི་མཁལ་མ་ཉོ་ཚོང་།

བལ་ཡུལ་ནང་གི་ཉམ་ཐག་ཚོའི་མཁལ་མ་ཉོ་ཚོང་བྱེད་ཡུལ་ཞིག་ཏུ་གྱུར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

2010.12.29

༄༅༎སྤྱིར་བཏང་བལ་ཡུལ་ནང་གི་ཁྲིམས་ལུགས་ཀྱི་ཐོག་ནས་མཁལ་མ་ནད་པ་ཚོར་མཁལ་ཚབ་ལེན་རྒྱུར་རང་གི་སྤུན་མཆེད་ངོ་མ་ཡིན་ན་མ་གཏོགས་ལེན་ཆོག་གི་མེད་སྟབས་མི་རྒྱུ་ཆེ་བ་ཚོས་བལ་ཡུལ་གྲོང་གསེབ་ཁག་ནས་སྐྱོ་པོ་ཉམ་ཐག་ཚོར་དངུལ་སྤྲད་ནས་མཁལ་མ་ཉོས་ནས་ཁྱིམ་མཚེས་རྒྱ་གར་ནང་གི་སྨན་ཁང་ཁག་ནང་ཕྱིན་ནས་མཁལ་མ་ཚབ་བཅོས་ཐབས་བྱེད་ཀྱི་ཡོད་འདུག

འོན་ཀྱང་ཉམ་ཐག་དེ་དག་ལ་ཐོག་མར་ཁས་ལེན་བྱས་པ་ནང་བཞིན་དངུལ་ཆ་ཚང་བ་ཞིག་རག་གི་མེད་པ་མ་ཟད་སྨན་བཅོས་ཡག་པོ་དང་རྗེས་སུ་ངལ་གསོ་ཡག་པོ་མ་ཐེབས་པའི་རྐྱེན་གྱིས་གཟུགས་པོ་གཅོང་པོ་ཆགས་ཀྱི་ཡོད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག དེ་ཡང་མ་དཝ་ པ་ར་ཇུ་ལི་ཞེས་པའི་ཞིང་པ་ཞིག་གིས་བུ་ལོན་འཇལ་མ་ཐུབ་པའི་རྐྱེན་གྱིས་ཁོ་པའི་ས་ཞིང་ཚོང་བསྒྱུར་བྱེད་དགོས་ཆགས་ཀྱི་ཡོད་སྟབས་ཁོ་པ་རང་ཉིད་ཀྱི་མཁལ་མ་ཚོང་རྒྱུའི་ཐག་ཆོད་བྱས་ཡོད་འདུག ཐོག་མར་ཁོ་པར་རྒྱ་གར་ནང་འཁྲིད་ནས་མཁལ་མ་ཞལ་འདེབས་སྤྲོད་རྒྱུར་ཨ་སྒོར་ཆིག་སྟོང་བཞི་བརྒྱ་ཙམ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་མཐའ་མར་ཁོང་ལ་དངུལ་ཆ་ཚང་བ་ཞིག་མ་རག་པ་མ་ཟད་ཕྱིར་ལོག་སྐབས་ས་ཞིང་ཤོར་བས་མ་ཟད་ཁོང་གི་ཁྱིམ་ཚང་ནས་ཀྱང་ཕྱིར་འབུད་བཏང་ནས་ད་ལྟའི་ཆར་གཟུགས་པོ་གཅོང་ནད་ཆགས་སྟེ་ཉིན་རེའི་ཨར་ལས་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་སོགས་ཁོ་པ་འདྲ་བའི་བལ་ཡུལ་ནང་གི་ཉམ་ཐག་མང་པོར་རྒྱ་གར་ནང་འཁྲིད་ནས་མཁལ་མ་སྤྲོད་རྒྱུའི་ཁས་ལེན་བྱས་པ་གཞིར་བཟུང་དངུལ་མ་རག་པར་དཀའ་ངལ་འཕྲད་པའི་རིགས་མང་པོ་ཡོད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎