ཨ་རིའི་སྲིད་འཛིན་འབར་མར་འཚམས་གཟིགས་གནང་འཆར།

ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ།

2012.11.18

༄༅༎ཨ་མེ་རི་ཀའི་སྲིད་འཛིན་Obama མཆོག་དེ་རིང་Thailand དུ་འཚམས་འདྲིར་ཕེབས་འབྱོར་གྱིས་ཁོང་གི་ཨེ་ཤེ་ཡའི་ཡུལ་གྲུའི་འཚམས་འདྲི་དབུ་བཛུགས་གནང་ཡོད་པ་མ་ཟད། ད་རེས་Obamba ཡི་ཨེ་ཤེ་ཡའི་ཡུལ་གྲུའི་ནང་ནས་འཚམས་འདྲི་ཐོག་མར་དེ་Thailand དུ་ཕེབས་པ་དེ་ཡིས། རྒྱ་ནག་དང་ཁྱིམ་མཚེས་ཡུལ་གྲུ་བར་དམག་དོན་ནུས་སྟོབས་འདྲ་མཉམ་མེད་པ་དང༌། ས་ཆའི་བདག་དབང་གི་རྩོད་རྙོག་ཆེ་རུ་འགྲོ་བའི་སྐབས་ཡུལ་གྲུ་དེ་དག་ནང་ཨ་རིའི་དམག་དོན་གྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
ཕྱི་ཟླ་བཅིུག་པའི་ཚེས་༦ ཉིན་སྲིད་འཛིན་Obama བསྐྱར་དུ་སྲིད་འཛིན་དུ་འོས་འདེམས་བྱུང་བའི་རྗེས་ཨེ་ཤེ་ཡའི་ཕྱིའི་ཡུལ་གྲུའི་ནང་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་མ་ཟད། ད་རེས་ཀྱི་འཚམས་འདྲི་དེ་ནི་དམིགས་བསལ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་གནད་འགག་ཆེན་པོ་ཡིན་ཞིང༌། Thailand ཡུལ་གྲུ་དེ་ནི་༡༩༥༤ ནས་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་ཞིག་རྙིང་ཤོས་ཡིན་པའི་ཁར། འབར་མ་དེ་ནི་སྲིད་འཛིན་Obama ཡིས་༢༠༠༨ ནས་ལོ་བཞིའི་རིང་སྲིད་འཛིན་གྱི་མཛད་འཁུར་བཞེས་པའི་རིང་འབར་མའི་ཡུལ་གྲུའི་ནང་དམངས་གཙོ་ལམ་ལུགས་གོང་འཕེལ་ཐོག་ཕྱག་ལས་གནང་བ་ལམ་ལྷོངས་བྱུང་བར་བརྟེན་ནས་ད་རེས་འབར་མའི་ནང་དུའང་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎