ནོར་ལྦེ་ཡིས་ལྕམ་ཨང་སན་སུ་ཀིར་གདན་ཞུ་གནང་བ།

ནོར་ལྦེ་ཡི་གཞུང་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ཨང་སན་སུ་ཀི་མཆོག་ཡུལ་དེར་གཟིགས་སྐོར་ཆེད་གདན་ཞུ་གནང་ཡོད་པའི་སྐོར།

2010.11.17

༄༅།།ནོར་ལྦེ་ཡི་གཞུང་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ཨང་སན་སུ་ཀི་མཆོག་ཡུལ་དེར་གཟིགས་སྐོར་ཆེད་གདན་ཞུ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

འབར་མའི་དྲག་པོའི་གཞུང་གིས་རྡའོ་ཨང་སན་སུ་ཀི་བཟང་བཙོན་ནས་གློད་བཀྲོལ་བཏང་མ་ཐག་ཐའེ་ལེནྜི་ནང་རྟེན་གཞི་བྱས་པའི་ནོར་ལྦེ་ཡི་གཞུང་ཚབ་ནོརྜི་གརྜི་ཡིས་ཨང་སན་སུ་ཀི་མཇལ་འཕྲད་ཀྱིས་ནོར་ལྦེ་ནང་གདན་ཞུའི་མགྲོན་ཤོག་ཕུལ་ཡོད་ལུགས་ནོར་ལྦེ་ཡི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་གནས་ཚུལ་སྤེལ་འདུག གསལ་བསྒྲགས་དེའི་ནང་ནོར་ལྦེ་ཡི་ཕྱི་སྲིད་བློན་ཆེན་ཇོནྶེ་གཧར་གྱིས་ཨང་སན་སུ་ཀི་རང་ཡུལ་ནས་ཕྱི་ཕྱོགས་སུ་བསྐྱོད་རྒྱུའི་དུས་ཚོད་ཤར་མ་ཐག་དང་པོ་ནོར་ལྦེ་ནང་ཕེབས་རྒྱུའི་ཁས་ལེན་གནང་ཡོད་ལུགས་གསུངས་གནང་འདུག། ཕྱི་ལོ་༡༩༩༡ལོར་ནྭོ་བྭེལ་ཞི་བདེའི་གཟེངས་རྟགས་ཨང་སན་སུ་ཀིར་ཕུལ་ཡོད་ཀྱང་དྲག་པོའི་གཞུང་གིས་ཁོང་གཟེངས་རྟགས་དངོས་སུ་བཞེས་པར་བཏང་མེད་སྐབས་ཁོང་གི་བུ་གཉིས་ཀྱིས་ཨ་མའི་ཚབ་ཞུས་ནས་གཟེངས་རྟགས་ཀྱི་མཛད་སྒོར་བཅར་བ་རེད། འདས་པའི་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ཨོ་སོ་ལོར་རྟེན་གཞི་བྱས་པའི་ནྭོ་བྭེལ་གཟེངས་རྟགས་ཚོགས་ཆུང་གིས་ཀྱང་ཨང་སན་སུ་ཀི་མཆོག་ལ་མགྲོན་བརྡ་ཕུལ་ཡོད་པ་མ་ཟད་དེ་སྔ་གཟེངས་རྟགས་ཀྱི་མཛད་སྒོར་གསུང་བཤད་གནང་མ་ཐུབ་པ་དེ་ད་ཆ་གནང་དགོས་པའི་རེ་འདུན་ཞུས་གནང་ཡོད་འདུག།  ཨང་སན་སུ་ཀི་མཆོག་འདས་པའི་ལོ་་༢༡་ནས་༡༥བཟང་བཙོན་དུ་གནས་ཡོད་ཀྱང་འདས་པའི་རེས་པའི་རེས་གཟའ་སྤེན་པའི་ཉིན་དྲག་པོའི་གཞུང་གི་ཁོང་གློད་བཀྲོལ་བྱས་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎