ལྷོ་བྱང་ཀུ་ར་ཡ་གཅིག་སྒྲིལ་ཡོང་མིན་བགྲོ་གླེང།

ལྷོ་ཀུ་རི་ཡའི་ནང་ལྷོ་བྱང་གཉིས་དབར་གཅིག་སྒྲིལ་ཡོང་རྒྱུའི་ལས་དོན་ཐོག་རེ་བ་ཞིག་ཡོད་པའི་བསམ་ཚུལ་འཛིན་མཁན་མང་དུ་ཕྱིན་ཡོད་འདུག

2011.12.23

༄༅༎བྱང་ཀུ་རི་ཡའི་ཆེས་མཐོའི་དཔོན་རིགས་ཀིམ་ཇོང་ཨིལ་འདས་གྲོངས་སུ་ཕྱིན་པའི་རྗེས་ལྷོ་ཀུ་རི་ཡའི་ནང་ལྷོ་བྱང་ཀུ་རི་ཡའི་དབར་གཅིག་སྒྲིལ་་ཡོང་མིན་སྐོར་ལ་བགྲོ་གླེང་ཤུགས་ཆེ་ཡོང་བཞིན་ཡོད་པ་དང་ འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀུ་རི་ཡ་ཕྱེད་གླིང་དེ་ལྷོ་བྱང་གཉིས་སུ་ཆགས་ཏེ་ ཕྱོགས་གཉིས་དབར་དགྲ་ཁ་གཏད་ཀྱི་གནས་སྟངས་ཆགས་ཡོད་པའི་ཁར་ ཟླ་བ་བཅོ་བརྒྱད་ཀྱི་གོང་བྱང་ཀུ་རི་ཡས་ལྷོ་ཀུ་རི་ཡའི་ས་མཚམས་གླིང་ཕྲན་ཁུལ་དུ་མེ་སྒྱོགས་ཀྱིས་གཏོར་རྒོལ་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང་ལྷོ་བྱང་ཀུ་རི་ཡའི་དབར་ཞི་བདེ་དང་གཅིག་སྒྲིལ་་ཡོང་རྒྱུ་དེ་ནི་ཕྱོགས་གཉིས་ཀའི་རྨི་ལམ་ཞིག་ཡིན་ཞིང་ བྱང་ཀུ་རི་ཡའི་དཔོན་རིགས་ཀིམ་ཇོང་ཨིལ་འདས་གྲོངས་སུ་མ་ཕྱིན་སྔོན་ནས་ ལྷོ་ཀུ་རི་ཡའི་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་ ལྷོ་བྱང་གཉིས་གཅིག་སྒྲིལ་་བྱ་རྒྱུར་ལྷོ་ཀུ་རི་ཡའི་དཔལ་འབྱོར་དང་ དེ་བཞིན་སྤྱི་ཚོགས་བདེ་འཇགས་སོགས་ལ་གནོད་ཚབས་ཡོང་མིན་ལ་མ་ལྟོས་པར་ ལྷོ་ཀུ་རི་ཡའི་མི་མང་མང་ཆེ་བས་ ལྷོ་བྱང་ཀུ་རི་ཡའི་དབར་གཅིག་སྒྲིལ་ཡོང་རྒྱུར་འདོད་མོས་བྱེད་ཀྱི་ཡོད་པ་རེད་ ཀིམ་ཇོང་ཨིལ་་འདས་གྲོངས་སུ་ཕྱིན་པའི་རྗེས་ལྷོ་ཀུ་རི་ཡའི་མང་ཚོགས་ཀྱིས་ལྷོ་བྱང་གཉིས་དབར་གཅིག་སྒྲིལ་ཡོང་རྒྱུའི་རྨི་ལམ་དེ་སྒྲུབ་རྒྱུར་དུས་ཚོད་ཐག་ཉེ་རུ་ཕྱིན་ཡོད་པའི་བསམ་ཚུལ་བརྗོད་ཀྱི་ཡོད་ཅིང་ ད་ལོ་རང་ལོ་ཉི་ཤུར་སོན་པའི་སློབ་ཕྲུག་པཀ་ཇུན་སུའུ་ཡིས་ཀིམ་ཇོང་ཨིལ་འདས་གྲོངས་སུ་ཕྱིན་པའི་རྗེས་ ངའི་བསམ་པར་ལྷོ་བྱང་ཀུ་རི་ཡ་གཅིག་སྒྲིལ་ཡོང་རྒྱུ་དེ་མགྱོགས་སུ་འགྲོ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག ལྷོ་ཀུ་རི་ཡའི་སོའོལ་རྒྱལ་ཡོངས་སློབ་གྲ་ཆེན་མོས་ཟླ་བ་གསུམ་གྱི་གོང་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་ བསམ་ཚུལ་བསྡུ་ལེན་བྱས་པའི་མིའི་གྲངས་འབོར་གྱི་བརྒྱ་ཆ་༥༣ལྷག་ཙམ་གྱིས་ལྷོ་བྱང་ཀུ་རི་ཡ་གཅིག་སྒྲིལ་བྱ་རྒྱུ་དེ་དགོས་ངེས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ ཕྱི་ལོ་ཉིས་སྟོང་བཅུ་ལོའི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲངས་ཚད་ལས་བརྒྱ་ཆ་ལྔ་ལྷག་ཉུང་དུ་ཕྱིན་ཡོད་པ་དང་ ཡིན་ནའི་བྱང་ཀུ་རི་ཡའི་ཆེས་མཐོའི་དཔོན་རིགས་ཀིམ་ཇོང་ཨིལ་འདས་གྲོངས་སུ་ཕྱིན་པའི་རྗེས་ ལྷོ་ཀུ་རི་ཡའི་ནང་ལྷོ་བྱང་གཉིས་དབར་གཅིག་སྒྲིལ་ཡོང་རྒྱུའི་ལས་དོན་ཐོག་རེ་བ་ཞིག་ཡོད་པའི་བསམ་ཚུལ་འཛིན་མཁན་མང་དུ་ཕྱིན་ཡོད་འདུག                                                                                                   

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎