མངའ་རིས་དར་ཆེན་སྐུ་བཞེངས་སྐབས་རྒྱ་ནག་གིས་བོད་མིར་དམ་དྲག


2015.06.03
སྟོད་མངའ་རིས་དར་ཆེན་སྐུ་བཞེངས་ཞུ་སྐབས། ༢༠༡༥།༦།༢ སྟོད་མངའ་རིས་དར་ཆེན་སྐུ་བཞེངས་ཞུ་སྐབས། ༢༠༡༥།༦།༢
བོད་འབྱོར།

བོད་ཀྱི་སྟོད་མངའ་རིས་དར་ཆེན་སྐུ་བཞེངས་ཞུ་སྐབས་རྒྱ་མིའི་ཉེན་རྟོག་པས་བོད་མི་རྣམས་ཀྱི་མཐའ་སྐོར་ཏེ་དམ་དྲག་བྱས་འདུག
དེ་ཡང་སྤྱི་ཚེས་༢བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥་ཉིན་བོད་ཀྱི་སྟོད་མངའ་རིས་དར་ཆེན་སྐུ་བཞེངས་ཞུ་སྐབས་རྒྱ་མིའི་ཉེན་རྟོག་པས་བོད་མི་རྣམས་ཀྱི་མཐའ་སྐོར་ཏེ་བོད་མི་གཅིག་ཀྱང་བཏང་མིན་འདུག ལོ་ལྟར་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥་སྟེ་བོད་ཀྱི་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་ཉིན་གངས་དཀར་ཏི་སི་འམ་གངས་རིན་པོ་ཆེའི་སྐུ་མདུན་དུ་མངའ་རིས་དར་ཆེན་སྐུ་བཞེངས་ཞུ་སྲོལ་ཡོད་པ་ལྟར། ཁ་ས་ཡང་དུས་ཆེན་དེ་སྲུང་བརྩི་ཞུ་སྐབས་གངས་རིན་པོ་ཆེའི་ཕྱོགས་གང་སར་རྒྱ་ནག་གཞུང་གིས་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་པ་དང་། དར་ཆེན་ཡང་རྒྱ་མིའི་དམག་མི་འགའ་ཤས་ཀྱིས་བཙན་འཕྲོག་བྱས་ཏེ་སྐུ་བཞེངས་ཞུས་པ་དང་། བོད་མི་ཚོ་དུས་ཆེན་དེ་སྲུང་བརྩི་ཞུ་སར་མ་བཏང་བར་བཀག་འགོག་བྱས་པ་མ་ཟད། སྟོད་གངས་རིན་པོ་ཆེ་མཇལ་ཁར་བཅར་བའི་བོད་མི་གཅིག་ཀྱང་བཏང་མི་འདུག ས་གནས་བོད་མི་ཞིག་གིས་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་དང་། ནེའུ་ཇར་སིའི་མངའ་རིས་ཚོགས་པའི་ཚོགས་གཙོ་ངག་དབང་བཀྲིས་སུ་བརྗོད་དོན། མངའ་རིས་དར་ཆེན་སྐུ་བཞེངས་ཀྱི་མཛད་སྒོ་དེ་བཞིན་སྤུ་ཧྲེང་རྫོང་གིས་གོ་བསྒྲིགས་ཞུ་གིན་ཡོད་པ་དང་། མངའ་རིས་མི་མང་ཚང་མ་མཉམ་ཞུགས་གནང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་མཁན་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཕྱིར་ལོ་ལྟར་སྲུང་བརྩི་ཞུ་ཡི་ཡོད་པ་དང་། དར་ཆེན་ཡང་གྲ་བཙུན་རྣམས་ནས་སྐུ་བཞེངས་ཞུ་རྒྱུའི་མཛད་སྒོ་གནང་གི་ཡོད་འདུག མངའ་རིས་དར་ཆེན་སྐུ་བཞེངས་དེ་བཞིན་ཐོག་མར་རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོས་དར་སྲོལ་མཛད་པ་ཞིག་རེད།    

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎