རྒྱ་གར་གྱི་རྒྱལ་སའི་ནང་ཚོང་ཁང་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
2010.10.02
༄༅༎ཟླ་བ་འདིའི་ཚེས་༣དང་ཚེས་༡༤བཅས་ཉི་མ་དེ་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ཚོང་ཁང་ཆེ་ཆུང་ཡོངས་རྫོགས་སྒོ་རྒྱབ་རྒྱུ་ཡིན་པ་ཉི་མ་གཉིས་ཀྱི་གོང་ནས་གསལ་བསྒྲགས་གནང་ཡོད་པ་རེད་
ཛ་དྲག་གི་གསལ་བསྒྲགས་དེ་བཞིན་ རྒྱ་གར་གཞུང་གིས་དེ་སྔ་ཕྱི་ལོ་༡༩༥༤ལོར་གཏན་འབེབས་གནང་བའི་དམིགས་བསལ་ཁྲིམས་གཞི་དེའི་ནང་དོན་གཞིར་བཟུང་ད་ཆ་ཕྱག་ལེན་བསྟར་བ་ཡིན་པ་རེད་ ཟླ་བ་འདིའི་ཚེས་༣ཉིན་རྒྱ་གར་གྱི་རྒྱལ་སའི་ནང་སྔོན་ཆད་དུས་རབས་༡༩དང་ ༢༠འི་དབར་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་འཛམ་གླིང་གི་རྒྱལ་ཁབ་མཐུན་ཚོགས་སམ་Commonwealth རྩེད་འགྲན་ཆེན་མོ་འགོ་འབྱེད་མཛད་སྒོ་གནང་རྒྱུ་དང་ ཟླ་བ་འདིའི་ཚེས་༡༤འི་ཉིན་རྩེད་འགྲན་ཆེན་མོ་དེ་མཇུག་སྒྲིལ་གྱི་མཛད་སྒོ་ཚུགས་གཏན་འཁེལ་ཡོད་པ་རེད་ རྒྱ་གར་གཞུང་གི་གནད་ཡོད་འགོ་ཁྲིད་ཚོའི་རུལ་སུང་ཅན་གྱི་ཀུན་སྤྱོད་དང་ ཆར་ཞོད་ཆེན་པོ་བབས་པ་སོགས་ རང་བཞིན་འབྱུང་བའི་གནོད་འཚེས་ རྩེད་འགྲན་གྱི་གྲ་སྒྲིག་དུས་ཐོག་འཐུས་ཚང་བྱ་རྒྱུར་འགོག་རྐྱེན་འཕྲད་པའི་རྩོད་རྙོག་དང་རྩེད་འགྲན་རིང་འཇིགས་སྐུལ་དྲག་སྤྱོད་པ་ཚོས་ལྡི་ལིའི་ནང་སྲུང་སྐྱོབ་ཐད་ལ་བར་ཆད་བཟོ་ཉེན་ཡོད་པ་སོགས་ཀྱི་བློ་འཚབ་སྐྱེ་འོས་པའི་གནས་ཚུལ་བྱུང་བའི་རྐྱེན་གྱིས་རྒྱ་གར་གཞུང་གིས་རྩེད་འགྲན་པ་ཚོའི་བདེ་འཇགས་དང་ རྩེད་འགྲན་གཟིགས་མཁན་དང་རྩེད་འགྲན་བྱེད་ཡུལ་ཁག་ཏུ་སྲུང་སྐྱོབ་ཀྱི་ཆེད་རྩེད་འགྲན་གྱི་དུས་ཡུན་རིང་རྒྱལ་སའི་ཁྱོན་ལ་པུ་ལི་སི་དང་དམག་མི་འབུམ་གཅིག་ཙམ་བཀོད་གཤོམ་གནང་རྒྱུ་ཡིན་པ་རེད།།