ཇོ་མོ་གླང་མའི་རི་རྩེར་ཁོར་ཡུག་གཙང་བཟོའི་ལས་འགུལ།

ཇོ་མོ་གླང་མའི་རི་རྩེའི་འཁོར་ཡུག་གཙང་མ་བཟོ་རྒྱུའི་ལས་འགུལ་ཞིག་ད་ལོའི་ཕྱི་ཟླ་བཞི་པ་ནས་ཆར་དུས་བར་ལ་སྤེལ་རྒྱུ་ཡིན་པ་རེད།

2010.01.21

༄༅༎བོད་དང་བལ་ཡུལ་དབར་གྱི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རི་རྩེར་ཐེངས་མང་འཛེགས་མཁན་ཤར་པ་རྣམ་རྒྱལ་ཞུ་བ་སོགས་རི་འཛེགས་མཁན་མི་གྲངས་༢༠ཐམ་པས་ཉེན་ཁར་མི་འཛེམས་པར་ཇོ་མོ་གླང་མའི་རི་རྩེ་ནས་ལྗིད་ཚད་ཊོན་༢ཙམ་བྱས་པའི་གད་རྙིགས་དེ་དག་བསྡུ་རུབ་བྱས་ཏེ་ཇོ་མོ་གླང་མའི་རི་རྩེའི་འཁོར་ཡུག་གཙང་མ་བཟོ་རྒྱུའི་ལས་འགུལ་ཞིག་ད་ལོའི་ཕྱི་ཟླ་༤པའི་ཟླ་མཇུག་མཚམས་ནས་དབྱར་ཀའི་ཆར་དུས་མ་ཚུགས་བར་ལ་སྤེལ་རྒྱུ་ཡིན་པ་རེད་ ཤར་པ་རྣམ་རྒྱལ་ཞུ་བས་གསུང་དོན་ལྟར་ན་རི་བོ་ཇོ་མོ་གླང་མའི་མཛེས་སྡུག་དེ་ད་ཆ་ཉམ་ཆགས་ཆེན་པོ་འགྲོ་བཞིན་པ་རེད་ གང་ལགས་ཤེ་ན་༡༩༥༣ལོར་ཤར་པ་བསྟན་འཛིན་ནོར་རྒྱས་དང་ཨེ་ཌི་མེན་ཧི་ལ་རི་རྣམ་གཉིས་ཀྱིས་ཇོ་མོ་གླང་མའི་རྩེར་ཐོག་མར་འཛེགས་པ་ནས་བཟུང་ད་ཕན་འཛམ་གླིང་གི་ས་ཕྱོགས་ག་ས་ག་ནས་ཡོང་བའི་རི་འཛེགས་མཁན་ ༤༠༠༠ཙམ་གྱིས་རི་བོ་ཇོ་མོ་གླང་མའི་རྩེར་སྲོག་རླུང་གི་ཤེལ་དམ་དང་དར་ལྕོག་རྙིང་པ་ ཐག་པ་དང་ གུར་ བཙོག་པའི་རིགས་ མཐའ་ན་

མི་གཉིས་ཀྱི་ཕུང་པོ་ཡང་བདག་པོ་མེད་པར་རི་རྩེར་དབྱུག་བཞག་ཡོད་པ་རེད་ འོན་ཀྱང་རི་བོའི་རྩེ་མོའི་གནམ་གཤིས་ཤིན་ཏུ་གྲང་ངར་ཆེ་བའི་བག་ཆགས་ལ་བརྟེན་ནས་མིའི་ཕུང་པོ་དེ་གཉིས་ད་ལྟའང་དྲི་མ་མེད་པར་གནས་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད་

ཉེན་ཁའི་རང་བཞིན་ཅན་གྱི་ཇོ་མོ་གླང་མའི་རི་རྩེའི་ཁོར་ཡུག་གཙང་མ་བཟོ་བའི་ཆེད་དུ་རི་འཛེགས་མཁན་ཤར་པ་མི་གྲངས་༢༠མཉམ་དུ་ ཁོང་ཚོའི་ཆེད་དུ་ཁ་ལག་བཟོ་མཁན་མ་བྱན་དང་རྡོག་ཁྲེས་དབོར་མཁན་སོགས་མི་གྲངས་༡༡ཙམ་ཡང་རི་གཤམ་བར་དུ་མཉམ་བསྐྱོད་བྱ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎