བལ་ཡུལ་དུ་རྒྱ་མི་ཡུལ་བསྐོར་བ་ཇེ་མང་དུ་ཕྱིན་པ།

འདི་ལོ་ད་བར་བལ་ཡུལ་ནང་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པའི་གནས་ཚུལ་ཐོན་འདུག༎

2011.12.20

༄༅༎རྒྱ་མི་བལ་ཡུལ་ནང་ཡོང་མཁན་འདི་ལོར་སྔ་ལོ་ད་ཚོད་ལས་བརྒྱ་ཆ་༧༤དང་གྲངས་ཆུང་བཞི་འཕར་ཡོད་ལུགས་བལ་ཡུལ་གྱི་ཉིན་རེའི་གསར་ཤོག་རྡ་རའེ་སིང་སན་(The Rising Sun)ཞེས་པས་གནས་ཚུལ་སྤེལ་འདུག། འདི་ལོ་ཕྱི་ཟླ་དང་པོ་ནས་བཅུ་གཅིག་བར་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་ཁྲི་བཞི་དང་ཉིས་བརྒྱ་བཞི་བཅུ་ཞེ་བཞི་(༤༠༢༤༤སླེབས་ཡོད་འདུག། ན་ནིང་ཟླ་བ་དང་པོ་ནས་བཅུ་གཅིག་བར་རྒྱ་རིགས་སྤྲོ་འཆམ་པའི་གྲངས་འབོར་ཉིས་ཁྲི་གསུམ་སྟོང་བདུན་བརྒྱ་དོན་བཅུ་དོན་བདུན་(༢༣༠༧༧)ཡིན་ཡང་ལོ་མཇུག་ཏུ་བསྡོམས་རྩིས་སྐབས་བཞི་ཁྲི་དྲུག་སྟོང་གསུམ་བརྒྱ་དྲུག་བཅུ་(༤༦༣༦༠)ཐམ་པ་སླེབས་ཡོད་འདུག། འདི་ལོ་གྲངས་འབྱོར་དེ་ལྔ་ཁྲི་ལྔ་སྟོང་(༥༥༠༠༠)ཐམ་པ་ཆགས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་འདུག། རྒྱ་མིའི་རྗེས་སུ་བལ་ཡུལ་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མང་ཤོས་ ཨི་སེ་རའེལ་དང་ རྒྱ་གར། ཅེག་སྤྱི་མཐུན་རྒྱལ་ཁབ་དང་ སུའེ་ཌན་བཅས་ཡིན་འདུག།  རྒྱལ་ཁབ་དེ་དག་ནས་ཡོང་མཁན་སྔ་ལོ་ལས་ད་ལོ་བརྒྱ་༥༧དང་༤༠། ༣༧། ༣༤བཅས་རིམ་བཞིན་འཕར་ཡོད་འདུག། ཁྱོན་ཡོངས་ནས་ ཕྱི་ལོ་༢༠༡༡ལོར་རྒྱ་མི་ས་ཡ་༥༧ཙམ་ཕྱི་རྒྱལ་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་ཡོད་པར་ཚོད་དཔག་བྱེད་བཞིན་པ་དེ་ནི་སྔ་ལོ་ལས་ས་ཡ་གཅིག་མང་བ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎