བལ་ཡུལ་ནས་རྒྱ་ནག་གཅིག་གི་རྩ་དོན་ཞེས་པར་རྒྱབ་སྐྱོར་ཡོད་པ།
2008.07.05
༄༅༎ཕྱི་ཟླ་བདུན་པའི་ཚེས་༤ཉིན་བལ་ཡུལ་གྱི་ནང་སྲིད་བློན་ཆེན་ནས་བལ་ཡུལ་ཆེས་མཐོའི་ཁྲིམས་ཁང་ནང་ཉེ་ཆར་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་ཚོགས་སྡེ་བེུད་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་དེ་བཞིན་བཙན་བྱོལ་བོད་མིའི་སྣེ་ལེན་ཁང་གི་དབུ་འཛིན་བཅས་འཛིན་བཟུང་བྱས་པར་དག་སེལ་གྱི་བཀའ་མོལ་གནང་ཡོད་ཅིང་། བལ་ཡུལ་གྱི་ནང་སྲིད་བློན་ཆེན་ནས་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ཞེས་པ་དེར་རྒྱབ་སྐྱོར་གྱི་སྲིད་ཇུས་འཛིན་གྱི་ཡོད་པར་བརྟེན་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་རྒྱུར་འགོག་ཐབས་བྱེད་ཀྱི་ཡོད་པ་དང༌། གོང་ཞུས་བཙན་བྱོལ་བོད་མིའི་དབུ་འཁྲིད་གསུམ་པོ་དེས་བལ་ཡུལ་ནང་རྒྱ་ནག་ལ་ངོ་རྒོལ་ཁ་གཏད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་དེ་ནི་རྒྱ་ནག་དང་བལ་ཡུལ་དབར་གྱི་ཕྱི་འབྲེལ་འབྲེལ་ལམ་ལ་གནོད་འཚབ་གཏོང་བའི་ལས་དོན་ཡིན་སྟབས་ཁོང་གསུམ་འཇུ་བཟུང་བྱས་པ་ཞིག་ཡིན་པ་སྟེ་ བལ་ཡུལ་གྱི་ཁྲིམས་ལུགས་དང་མཐུན་ཡོད་ལུགས་གསུངས་ཡོད་པ་རེད་། བཙན་བྱོལ་བོད་མིའི་བལ་ཡུལ་ནང་གི་དབུ་འཁྲིད་གསུམ་ཟླ་བ་སྔོན་མ་བལ་ཡུལ་ཉེན་རྟོག་པས་རང་ཁྱིམ་ནས་འཇུ་བཟུང་བྱས་ཏེ་ དུས་ཡུན་ཟླ་བ་གསུམ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡིད་པ་དང་། བལ་ཡུལ་གཞུང་གི་བྱ་སྤྱོད་དེའི་ཐོག་ཨ་རི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་སོགས་འཛམ་གླིང་ཡུལ་གྲུ་མང་པོས་བསྐྱོན་བརྗོད་དང་གནད་དོན་དེའི་ཐོག་ཐུགས་འཚབ་ཡོད་པའི་རྣམ་འགྱུར་བཏོན་མུས་ཡིན་པ་རེད༎