བལ་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མིའི་དཀའ་ངལ།

བལ་ཡུལ་ནང་དུ་གནས་སྡོད་བྱེད་པའི་བཙན་བྱོལ་བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་དང་སྡོད་བློས་མི་བཟོད་པའི་གནས་སྟངས་སུ་གྱུར།

2012.03.13

༄༅༎བལ་ཡུལ་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པར་བརྟེན་ནས་བལ་ཡུལ་ནང་དུ་གནས་སྡོད་བྱེད་པའི་བཙན་བྱོལ་བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་དང་སྡོད་བློས་མི་བཟོད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད།
དེ་རིང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནས་The Sundaily ཟེར་བའི་དྲ་རྒྱའི་གསར་འགྱུར་ཐོག་ལ། བལ་ཡུལ་རྒྱལ་སའི་ནང་དུ་བོད་མི་གནས་སྡོད་བྱེད་ཡུལ་ཉེ་འཁྲིས་ཀྱི་ཇ་ཁང་ཞིག་ཏུ་ལས་ཀ་བྱེད་མཁན་བོད་པའི་བེུད་ཚེ་དབང་སྒྲོལ་མ་ལགས་ཀྱིས། བལ་ཡུལ་ནང་དུ་ཡོད་པའི་བོད་མི་ཚོའི་མ་འོངས་པའི་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་་མིན་འཇིགས་སྣང་ཆེན་པོ་ཡོད་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་ཅིང༌། དེ་ཡང་ལོ་ན་༢༧ ཡིན་པའི་ཚེ་དབང་སྒྲོལ་མ་ལགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཟིན་པའི་སྔ་ནུབ་ཏུ་ཕེ་རིན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བརྗོད་དོན། བལ་ཡུལ་གཞུང་གིས་བོད་མི་བཙན་བྱོལ་བའི་ཐོག་དམ་བསྒྲཌ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང༌། ནང་དུ་ལོག་ན་བལ་ཡུལ་གཞུང་གིས་བསྐྱར་དུ་འཛིན་བཟུང་བྱ་རྒྱུའི་འཇིགས་སྣང་དང༌། ང་ཚོའི་གནས་སྟངས་ནི་བལ་ཡུལ་དུ་སྐྱབས་བཅོལ་ཞིག་ཡིན་པར་སོང་རང་དབང་མེད་པར་བརྟེན་བལ་ཡུལ་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་འགྱུར་ལྡོག་ཕྱིན་ཏེ་བོད་མི་རྣམས་གནས་བཟོད་མི་བདེ་བ་བཟོ་གི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ད་དུང་ཁོང་གིས།  དེ་སྔ་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་བོད་ནས་བྲོས་བྲོལ་དུ་ཡོང་མཁན་རྣམས་ལ་བལ་ཡུལ་གཞུང་གིས་ཉེན་ཁ་ཆེན་པོ་དེ་འདྲ་བཟོ་མྱོང་མེད་ཀྱང་ད་ཆ་ནི་བལ་ཡུལ་གཞུང་ཐོག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་དང་ཤུགས་རྐྱེན་ཆེན་པོ་སླེབས་ཏེ་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་དཀའ་ངལ་ཆེན་པོར་གྱུར་ཡོད་པ་དང༌། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་འཛིན་བཟུང་བྱེད་པ་ཡང་སེ་བྱུང་བ་མ་ཟད། དུས་ཚོད་རིང་པོ་དོ་དམ་བཀག་ཉར་བྱས་པ་དང༌། ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་བལ་ཡུལ་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ངོ་རྒོལ་བྱེད་མཁན་བོད་པའི་སློབ་ཕྲུག་༡༣ བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གཟའ་འཁོར་གཉིས་བཙོན་འཇུག་བྱས་པ་སོགས་མཐའ་ན་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ངོ་རྒོལ་ལས་འགུལ་ནང་ཞུགས་པ་ཙམ་གྱིས་འཛིན་བཟུང་བྱེད་པ་དང༌། དེ་སྔ་ཡིན་ན་བོད་མི་ངོ་རྒོལ་བྱེད་མཁན་འཛིན་བཟུང་བྱས་པའི་རྗེས་ཉིན་དེའི་དགོང་དྲོ་གློད་གྲོལ་གཏོང་གི་ཡོད་ཀྱང་ད་ཆ་རྒྱ་ནག་གཞུང་གི་བཀའ་བཀོད་འོག་བལ་ཡུལ་གཞུང་གིས་དུས་ཡུན་རིང་པོ་དོ་དམ་བཀག་ཉར་བྱེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎