བལ་ཡུལ་ནས་བོད་ནང་གཞུང་ལམ་གསར་བསྐྲུན་བྱུང་བཞིན་པ།


2015.11.26
བོད་དང་བལ་ཡུལ་གྱི་ས་འབྲེལ་ས་ཁྲ། བོད་དང་བལ་ཡུལ་གྱི་ས་འབྲེལ་ས་ཁྲ།
Photo: RFA

བལ་ཡུལ་ནང་བོད་ཀྱི་པུ་ཧྲེང་ཕྱོགས་སུ་གཞུང་ལམ་གསར་བསྐྲུན་བྱེད་བཞིན་པ་གང་མཚམས་འགྲུབ་ཡོད་པ་རེད།
དེ་ཡང་བལ་ཡུལ་གྱི་ཧི་མ་ལ་ཡའི་གསར་འགྱུར་ཁང་གིས་གནས་ཚུལ་ལྟར་ན། བལ་ཡུལ་གྱི་Bajhangརྫོང་སྡེའི་Chainpurཞེས་པའི་ས་གནས་དེ་ནས་བོད་པུ་ཧྲེང་ངམ་Taklakotཟེར་བའི་ས་གནས་དེ་བར་རྒྱང་ཚད་སྤྱི་ལེ་༡༠༠་ཙམ་ཡོད་པ་དེའི་སར་རྒྱང་ཚད་སྤྱི་ལེ་༢༥་སར་འགྲུལ་འཁོར་ལམ་བཟོ་འཛུགས་བསྐྲུན་བྱས་ཏེ་ད་ཕན་ལོ་བདུན་ཙམ་ཕྱིན་ཡོད་པ་དེ་ད་ཆ་Kataཟེར་བའི་ས་གནས་དེ་བར་འབྲེལ་མཐུད་བྱུང་སྟེ་དོ་འདྲེན་རླངས་འཁོར་འགྲོ་བསྐྱོད་བྱེད་ཀྱི་ཡོད་པ་རེད།
བོད་དང་བལ་ཡུལ་གྱི་དབར་ཉེ་བའི་ས་གནས་Dhamenaཁུལ་གྱི་ས་གནས་Rupatolaཟེར་བ་དེ་ཁུལ་དུ་བསྐྱོད་མཁན་ཚོས་ཟེར་ན། ད་ཆ་བོད་དང་ཧ་ཅང་གི་ཐག་ཉེ་པོར་སླེབས་པའི་ཚོར་སྣང་བྱུང་ཚུལ་དང་། ད་དུང་Bajhangརྫོང་སྡེའི་Chainpur་ནས་བོད་པུ་ཧྲེང་Taklakot་བར་འཁོར་ལམ་རྒྱང་ཚད་སྤྱི་ལེ་༡༠༠་ཙམ་ཡོད་པས་བལ་ཡུལ་གཞུང་གིས་བལ་སྒོར་ས་ཡ་༥༠་ཙམ་གྱི་འགྲོ་སོང་བཏང་ཡོད་པའི་སྐོར་དང་། ལམ་གཞུང་དེ་ཚོ་བཟོ་བསྐྲུན་ཐུབ་ན་དེ་ཁུལ་དུ་ཚོང་ལས་བྱེད་མཁན་ཚོ་རྣམ་ཀུན་ཡིན་ན། འཁོར་ལམ་མེད་ཙང་རྐང་ཐང་དུ་སེམས་ཅན་མཉམ་དུ་ཁལ་མ་བསྐྱལ་ནས་ཉིན་ཤས་ཀྱི་ལམ་དུ་འགྲོ་དགོས་པའི་དཀའ་ངལ་དེ་ཚོ་སེལ་ཐུབ་ཡོད་པའི་སྐོར་དང་། དེ་བཞིན་མངའ་ཁུལ་དེ་ཚོའི་ནང་ཡུལ་བསྐོར་སྤྲོ་འཆམ་གྱི་ལས་དོན་དང་Saipalཟེར་བའི་ས་མཚམས་ས་ཁུལ་དེ་ནས་བོད་ནང་གངས་རིན་པོ་ཆེ་སོགས་ལ་གནས་མཇལ་དང་། མཚོ་མཇལ་དུ་བསྐྱོད་མཁན་གྱི་ལམ་ཐག་ཉེ་པོ་ཡིན་པ་དང་དེ་བཞིན་འཛུགས་བསྐྲུན་སོགས་པར་ཕྱོགས་གང་ས་ནས་ཕན་ཐོགས་ཡོང་གི་ཡོད་པའི་གནས་ཚུལ་དང་བོད་པུ་ཧྲེང་བར་གྱི་འགྲུལ་འཁོར་ལམ་གཞུང་དེ་མུ་མཐུད་བལ་ཡུལ་གཞུང་གིས་གཟིགས་སྐྱོང་གནང་བ་ཡིན་ན། ལོ་ལྔ་དྲུག་གི་ནང་ཚུད་ལེགས་གྲུབ་ཡོང་ལུགས་འཁོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།
ཡང་འབྲེལ་ཡོད་བལ་ཡུལ་གཞུང་གིས་བལ་བོད་ས་མཚམས་ཁག་གཅིག་སླར་གསོ་དང་ས་མཚམས་གཞན་ཁག་གཅིག་འབྱུང་འགྱུར་སྒོ་ཕྱེ་ཐུབ་པའི་དམིགས་ཡུལ་འཛིན་བཞིན་པ་སོགས་བལ་བོད་ས་མཚམས་ཀྱི་གནས་སྟངས་སྐོར་ལ་འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བལ་ཡུལ་སྤོག་ར་གྲོང་ཁྱེར་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎