བལ་ཡུལ་དུ་ཕག་ནད་སྔོན་འགོག་སྨན་ནང་འདྲེན་ལ་བཀག་འགོག

བལ་ཡུལ་གཞུང་གིས་ཕག་པའི་རིམས་ནད་དེའི་སྔོན་འགོག་གི་སྨན་ཕྱི་རྒྱལ་ནས་བལ་ཡུལ་དུ་ནང་འདྲེན་བྱེད་རྒྱུ་བཀག་འགོག་བྱས་ཡོད་འདུག

2010.09.05

༄༅༎དེ་རིང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནས་གནས་ཚུལ་སྤེལ་བའི་ནང༌། བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་བློན་ཆེན་ལྷན་ཁང་གིས་Swine Fluཟེར་བའི་ཕག་པའི་རིམས་ནད་དེའི་སྔོན་འགོག་གི་སྨན་ཕྱི་རྒྱལ་ནས་བལ་ཡུལ་དུ་ནང་འདྲེན་བྱེད་རྒྱུ་བཀག་འགོག་བྱས་ཡོད་པའི་སྐོར་གནས་ཚུལ་བཀོད་བཞག

དེ་ཡང་རྒྱལ་སྤྱིའི་སྨན་བཟོ་གྲ་ཞིག་གིས་བཟོ་སྐྲུན་བྱས་པའི་ཕག་པའི་རིམས་ནད་སྔོན་འགོག་གི་སྨན་ཁབ་ནད་པར་རྒྱབ་པའི་རྗེས། ནད་པ་ཁག་ཅིག་ལ་སྨན་དེ་ཡིས་དབང་རྩར་གནོད་སྐྱོན་བཟོ་བའི་རྙོགས་ཕྲའི་གནས་ཚུལ་ཐོན་པར་བརྟེན་ནས་བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་བློན་ཆེན་ལྷན་ཁང་གི་མགྲིན་ཚབ་པས་གསུང་ན། ཁོང་གི་ལྷན་ཁང་ནས་ཧུད་རྒྱུགས་ཀྱི་ཐག་གཅོད་བྱས་པ་ཞིག་མ་ཡིན་པར་སྔོན་འགོག་གི་སྨན་དེར་གནོད་སྐྱོན་བཟོ་བའི་རྙོག་ཕྲའི་གནས་ཚུལ་ཐོན་པའི་རྗེས་བལ་ཡུལ་དུ་ནང་འདྲེན་བྱེད་རྒྱུ་གནས་སྐབས་བཀག་འགོག་བྱས་པ་ཞིག་ཡིན་ཞིང༌། ང་ཚོས་སྔོན་འགོག་གི་སྨན་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཞིབ་འཇུག་གསལ་པོ་བྱས་ཏེ་དབང་རྩར་གནོད་སྐྱོན་བཟོ་ཡི་མེད་པའི་ངེས་པ་རྙེད་པའི་གཏན་འཁེལ་བྱུང་མཚམས་བལ་ཡུལ་དུ་ནང་འདྲེན་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎