བལ་ཡུལ་ནས་གསོས་ཕྲུག་ལེན་རྒྱུའི་ལས་འཆར་སླར་གསོ་བྱས་པ།

བལ་ཡུལ་གཞུང་གིས་དུས་ཡུན་ཟླ་བ་བཅོ་བརྒྱད་ཙམ་བཀག་སྡོམ་བྱས་པའི་རྗེས་ད་རེས་རྒྱལ་སྤྱིའི་ཐོག་ནས་གསོས་ཕྲུག་ལེན་རྒྱུའི་ལས་འཆར་སླར་གསོ།

2009.01.02

༄༅༎བལ་ཡུལ་ནང་རྒྱལ་སྤྱིའི་ཐོག་ནས་གསོས་ཕྲུག་ལེན་རྒྱུའི་ལས་འཆར་སླར་གསོ་བྱས་ཡོད་འདུག བལ་ཡུལ་གཞུང་གིས་དུས་ཡུན་ཟླ་བ་བཅོ་བརྒྱད་ཙམ་བཀག་སྡོམ་བྱས་པའི་རྗེས་ད་རེས་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་བལ་ཡུལ་ནང་ནས་ཕྲུ་གུ་གསོས་ཕྲུག་ལེན་རྒྱུའི་སྙན་ཞུ་རྩིས་ལེན་གྱི་ལས་དོན་བསྐྱར་དུ་འགོ་བཙུགས་ཡོད་པ་བལ་ཡུལ་གྱི་བེུད་དང་ཕྲུ་གུའི་སྤྱི་ཚོགས་ཕན་བདེའི་ཞབས་ཞུའི་ལས་ཁང་གི་མགྲིན་ཚབ་པས་གཟའ་པ་སངས་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད། མགྲིན་ཚབ་པ་དེས་གསུང་བར་གཞིགས་ན་ཕྱི་རྒྱལ་བ་ཚོས་བལ་ཡུལ་ནས་གསོས་ཕྲུག་ལེན་རྒྱུའི་ལས་དོན་དེ་བཞིན་སྙན་ཞུ་ཕུལ་བ་ནས་བཟུང་དུས་ཡུན་ཟླ་བ་གསུམ་ཙམ་ནང་གསོས་ཕྲུག་ལེན་ཐུབ་རྒྱུ་ཡིན་པ་དང་ད་ལྟ་ནས་བཟུང་ཕྱི་རྒྱལ་གྱི་གསོས་ཕྲུག་ལེན་འདོད་ཡོད་པའི་མི་སྣ་ཚོས་རང་ཉིད་གནས་སྡོད་བྱེད་ས་ནས་འབྲེལ་ཡོད་བལ་ཡུལ་གྱི་ཕྲུ་གུ་གསོས་ཕྲུག་སྤྲོད་ལེན་གྱི་འབྲེལ་ཡོད་དཔོན་རིགས་བརྒྱུད་ནས་སྙན་ཞུ་འབུལ་དགོས་པ་ལས་ཐད་ཀར་ཕྲུ་གུའི་ནང་མི་དང་འབྲེལ་ཡོད་དབར་འབྲེལ་བ་བྱེད་ཆོག་གི་མེད་པའི་སྐོར་གསལ་བཤད་གནང་ཡོད་པ་རེད། ཕྲུ་གུ་གསོས་ཕྲུག་ལེན་རྒྱུར་མ་དངུལ་སྤྲོད་ཕྱོགས་ལ་འགྱུར་ལྡོག་ཕྲན་བུ་བཏང་ཡོད་པར་ཕྱི་རྒྱལ་བ་ཞིག་གིས་བལ་ཡུལ་ནས་ཕྲུ་གུ་གསོས་ཕྲུག་ལེན་རྒྱུར་ཕྲུ་གུ་གཅིག་ལ་ཨ་སྒོར་བརྒྱད་སྟོང་སྤྲོད་དགོས་ཀྱི་ཡོད་ཅིང་དེའི་ནང་ནས་ཨ་སྒོར་ལྔ་སྟོང་ཕྲུ་གུའི་ནང་མིར་སྤྲོད་དགོས་ཀྱི་ཡོད་པ་དང་ཨ་སྒོར་གསུམ་སྟོང་བལ་ཡུལ་གཞུང་གིས་ལེན་གྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎