བོད་དང་བལ་ཡུལ་བར་ཚོང་འབྲེལ་གཞི་རྒྱ་ཆེ་རུ་ཕྱིན་པ།
2011.02.27
༄༅།།རྒྱལ་ས་ལྷ་ས་ནས་གཞུང་འབྲེལ་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཕྱི་ལོ་༢༠༡༠ལོར་བོད་དང་བལ་ཡུལ་དབར་ཚོང་འབྲེལ་བརྒྱ་ཆ་༩༢དང་གྲངས་ཆུང་གཉིས་འཕར་ནས་འདི་ལོ་ཕྱི་ཟླ་དང་པོའི་ནང་ཡུལ་གཉིས་དབར་ཨ་རིའི་ཌོ་ལར་ས་ཡ་༥༩དང་འབུམ་༦༩འི་ཚོང་འབྲེལ་བྱུང་ཡོད་འདུག ཡང་འདི་ལོའི་འགོ་སྟོད་ནང་ཨ་རིའི་ཌོ་ལར་ས་མ་༨༧དང་འབུམ་༦༦གི་ཚོང་འབྲེལ་བྱུང་ཡོད་པ་དེ་ནི་སྔ་ལོ་ལས་བརྒྱ་༣༩་དང་ཕྱེད་ཙམ་འཕར་ཡོད་པ་དང་ཡོང་འབབ་དེའི་བརྒྱ་ཆ་༦༨ལྷག་བལ་ཡུལ་ནང་བྱུང་ཡོད་འདུག། གནས་ཚུལ་ནང་ཐོན་པར་གཞིགས་ན་ ཟླ་རེའི་ཚོང་འབབ་ཌོ་ལར་ས་ཡ་༨༡དང་འབུམ་༧༢ནས་བརྒྱ་ཆ་༥༩ཙམ་ཕྱི་ཚོང་གི་ཡོང་འབབ་ཡིན་པ་དང་ ན་ནིང་བལ་ཡུལ་དང་བོད་དབར་གྱི་ཚོང་འབྲེལ་གྱི་ཡོང་འབབ་ཨ་རིའི་ཌོ་ལར་ས་ཡ་༥༤༢བྱུང་ཡོད་པ་དེ་ནི་ཞེ་ནིང་ལས་བརྒྱ་ཆ་༦༥འཕར་ཡོད་ལུགས་འགྲེལ་བརྗོད་བྱས་འདུག༎