བལ་ཡུལ་གཞུང་ནས་ཕྲུ་གུ་ཚོར་རིན་མེད་ཤེས་ཡོན་གནང་འཆར།

བལ་ཡུལ་ནང་སླད་ཕྱིན་ཆད་ནས་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་སློབ་ཡོན་མེད་པ་བཟོ་རྒྱུའི་གྲོས་འཆར་བཏོན་ཡོད་པའི་གནས་ཚུལ་འདུག

2010.06.06

༄༅༎བལ་ཡུལ་ནང་སླད་ཕྱིན་ཆད་ནས་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་སློབ་ཡོན་མེད་པ་བཟོ་རྒྱུའི་གྲོས་འཆར་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་མང་ཚོགས་ཀྱི་ཤེས་ཡོན་ཐོག་གོམ་བགྲོད་ཆེན་པོ་ཞིག་སྤེལ་རྩིས་ཡོད་པའི་རྣ་མར་གཞུང་གིས་ཤེས་ཡོན་གྱི་གྲོས་འཆར་གསར་པ་ཞིག་ལག་ལེན་བསྟར་རྒྱུའི་དགོངས་བཞེས་གནང་གི་ཡོད་འདུག་། ད་བར་རྒྱལ་ཡོངས་སུ་འཛིན་གྲྭ་དགུ་པ་ནས་བཅུ་གཉིས་བར་སློབ་ཡོན་མེད་པར་སློབ་ཕྲུག་ཚོར་ཤེས་ཡོན་གྱི་མཐུན་རྐྱེན་སྐྲུན་བཞིན་པ་དེར་བཅོས་བསྒྱུར་གྱིས་སླད་ཕྱིན་ཆད་ནས་འཛིན་གྲྭ་དང་པོ་ནས་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་སློབ་ཡོན་མེད་པ་བཟོ་རྒྱུ་ཡིན་འདུག་། གྲོས་འཆར་དེ་བཞིན་བུ་མེད་དང་ཕྲུ་གུ་ སྤྱི་ཚོགས་བདེ་དོན་བཅས་ཀྱི་བློན་ཆེན་ལས་ཁུངས་ནས་བཏོན་ཡོད་འདུག་ཡོད་པ་དང་། གྲོས་འཆར་དེའི་ཐོག་ནས་བལ་ཡུལ་གྱིས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་དངོས་སུ་ལག་ལེན་བསྟར་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག་། བལ་ཡུལ་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་ཆིངས་དོན་ལ་ས་རྟགས་རྒྱབ་མཁན་གྲས་ཡིན་ཡང་ད་བར་ཐོབ་ཐང་དེ་རིགས་ཆ་ཚང་བ་ཞིག་སྤྲད་ཐུབ་མེད་པ་རེད་ དེ་ལྟར་ཡང་གཞུང་གིས་ད་བར་བལ་ཡུལ་གྱི་ཀར་ན་ལི་ཁུལ་གྱི་ཉམ་ཐག་གྲངས་ཉུན་རྡལིཐ་ལ་དེ་སྔ་ནས་སློབ་ཡོན་རྩ་བ་ནས་བཞེས་ཀྱི་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎