བལ་ཡུལ་ནང་སྲིད་བློན་འོས་བསྡུ་སླར་ཡང་ལམ་ལྷོངས་མ་བྱུང་བ།

བལ་ཡུལ་ནང་སྲིད་བློན་གསར་པའི་འོས་བསྡུ་ཐེངས་བཅུ་གཉིས་པ་གནང་བ་དེ་ཡང་སྔར་ལམ་བཞིན་ལམ་ལྷོངས་བྱུང་མི་འདུག

2010.10.10

༄༅༎བལ་ཡུལ་ནང་སྲིད་བློན་གསར་པའི་འོས་བསྡུ་ཐེངས་བཅུ་གཉིས་པ་གནང་བ་དེ་ཡང་སྔར་ལམ་བཞིན་ལམ་ལྷོངས་བྱུང་མི་འདུག

འདི་ལོ་ཕྱི་ཟླ་དྲུག་པའི་ནང་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་མའོ་ཤོག་ཁག་གི་ཤུགས་གནོན་འོག་དགོངས་པ་ཞུས་པ་ནས་བཟུང་ད་བར་གྲོས་ཚོགས་ནང་སྲིད་བློན་གསར་པའི་འོས་བསྡུ་སྔ་རྗེས་གནང་ཡོད་ཀྱང་ཚོགས་པ་སུ་ཞིག་གི་འོས་གཞིར་དགོས་ངེས་མང་མོས་མ་ཐོབ་པའི་ཁར་ཟླ་བ་སྔོན་མ་མའོ་ཤོག་ཁག་གི་དབུ་ཁྲིད་པ་ར་ཅན་ཡང་སྲིད་བློན་གྱི་འོས་མི་ནས་ཕྱིར་འཐེན་གྱིས་དེ་རྗེས་ཁོང་གི་ཚོགས་པས་འོས་བསྡུར་མཉམ་ཞུགས་བྱས་མེད་པ་རེད། དེ་ནས་བཟུང་འོས་མི་གཅིག་ལས་མེད་པ་དེ་ཀོང་རེསེ་ཚོགས་པའི་དབུ་ཁྲིད་རམ་ཅན་རྡར་པོ་ཌེལ་ལ་འདས་པའི་འོས་བསྡུ་ཐེངས་མང་ནང་མང་མོས་རྒྱབ་སྐྱོར་ཐོབ་རྒྱུ་ཕར་བཞག་འོས་གྲངས་ཉུང་དུ་སོང་ནས་རེས་གཟའ་ཉི་མའི་འོས་བསྡུ་ཐེངས་བཅུ་གཉིས་པའི་སྐབས་ཁོང་ལ་འོས་ཤོག་༨༩ལས་ཐོབ་མི་འདུག བལ་ཡུལ་གྱི་གྲོས་ཚོགས་ཀྱི་ཞབས་སྟེགས་༦༠༡་ཡོད་པ་ནས་མང་མོས་ཐོབ་པར་འོས་གྲངས་༣༠༡ངེས་པར་དུ་ཐོབ་དགོས་ཀྱི་ཡོད་རེད། འོས་བསྡུ་ཐེངས་བཅུ་གསུམ་པ་དེ་ཕྱི་ཟླ་བཅུ་པའི་ཚེས་༢༦ཉིན་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎