བལ་ཡུལ་གྱི་རྒྱལ་པོས་རྒྱལ་ཁང་ནས་རྩོད་རྙོག་མེད་པའི་སྒོ་ནས་ཐོན་རྒྱུ།

གནས་དབྱུངས་བཏང་བའི་བལ་ཡུལ་གྱི་རྒྱལ་པོས་རྒྱལ་ཁང་ནས་རྩོད་རྙོག་མེད་པའི་སྒོ་ནས་ཐོན་ཏེ་མི་མང་དཀྱུས་མའི་མི་ཚེ་དབུ་བཙུགས་གནང་འཆར་འདུག

2008.05.31

༄༅༎གནས་དབྱུངས་བཏང་བའི་བལ་ཡུལ་གྱི་རྒྱལ་པོ་མཆོག་རྒྱལ་ཁང་ནས་རྩོད་རྙོག་མེད་པའི་སྒོ་ནས་ཐོན་ཏེ་མི་མང་དཀྱུས་མའི་མི་ཚེ་དབུ་བཙུགས་གནང་འཆར་ཡོད་འདུག

བལ་ཡུལ་རྒྱལ་པོའི་རྒྱལ་ཁང་གི་དྲུང་ཆེ་པཱར་རྡིབ་ཨར་ཡལ་ནས་རྒྱལ་པོ་གྱ་ནེན་རྡར་མཆོག་གིས་བལ་ཡུལ་གྱི་དམིགས་བསལ་ཁྲིམས་བཟོ་བའི་གྲོས་ཚོགས་ཀྱིས་རྒྱལ་པོའི་ལམ་ལུགས་མེད་པ་བཟོས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐག་གཅོད་ལ་གུས་བརྩི་ཞུ་རྒྱུའི་ཐུགས་ཐག་གཅད་གནང་སྟབས་ རྙོག་མེད་ཀྱི་ཐོག་ནས་རྒྱལ་ཁང་ནས་ཕྱིར་འཐོན་གནང་རྒྱུ་ཡིན་ལུགས་གསུངས་པ་རྡ་རའེ་སིང་ནེ་པའལ་ཞེས་པའི་གསར་ཤོག་གིས་ཁ་ས་གནས་ཚུལ་སྤེལ་འདུག གཟའ་པ་སངས་ཉིན་གསར་དུ་འདེམས་བསྐོ་བྱས་པའི་བལ་ཡུལ་གྱི་གྲོས་ཚོགས་ནས་རྒྱལ་པོ་མཆོག་རྒྱལ་ཁང་ནང་ནས་བདུན་ཕྲག་གཉིས་ཀྱི་ནང་ཚུད་ལ་ཕྱིར་འཐོན་དགོས་པའི་གཞུང་འབྲེལ་གྱི་བཀའ་རྒྱ་འབྱོར་བའི་རྗེས་སུ་རྒྱལ་ཁང་གི་དྲུང་ཆེ་ཨར་ཡ་ཡིས་གོང་ཞུས་གཏམ་བཤད་དེ་གནང་བ་ཞིག་ཡིན་པ་རེད་

རྒྱལ་པོ་མཆོག་ནས་ཁོང་གི་ཡུམ་རཱ་ན་དང་དགུང་གྲངས་༩༤སོན་པའི་ཡུམ་གྱི་ཡུམ་སཱ་ར་ལཱ་གཉིས་ཡོད་པའི་རྐྱེན་གྱིས་ཁོང་རྒྱལ་ཁང་ནས་ཕྱིར་འཐོན་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་སྐོར་ཡང་གོང་ཞུས་བལ་ཡུལ་གྱི་གསར་ཤོག་དེས་གནས་ཚུལ་མུ་མཐུད་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎