བལ་ཡུལ་ནང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་བཀག་སྡོམ།
2011.07.06
༄༅༎ཕྱི་ཟླ་བདུན་པའི་ཚེས་༦ཉིན་བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་༧༦ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྟེན་འབྲེལ་གྱི་་མཛད་སྒོ་རྣམ་རྒྱལ་སློབ་གྲའི་ནང་སྤེལ་རྒྱུར་བལ་ཡུལ་ཉེན་རྟོགས་པས་བཀག་སྡོམ་བྱས་ནས་བོད་མི་གསུམ་འཇུ་བཟུང་བྱས་ཡོད་པ་དང་ ཀཐ་མན་དྲུའི་ཉེན་རྟོག་ལས་ཁང་གི་མགྲིན་ཚབས་པ་རྡི་རཇ་པར་ཏབ་ཡིས་བརྗོད་ན་ བོད་མི་ཚོས་ཁོང་ཚོའི་དབུ་འཁྲིད་ཀྱི་འཁྲུངས་སྐར་ལ་སྒེར་གྱིས་ངོས་ནས་རྟེན་འབྲེལ་བཞུས་ན་བསམ་འཆར་ཡང་གང་མེད་པ་དང་ ཡིན་ནའི་སྤྱི་པའི་ས་ཆར་འདུ་འཛོམས་ཀྱི་རྟེན་འབྲེལ་སོགས་ཀྱི་མཛད་སྒོ་སྤེལ་མཆོག་གི་མེད་ལུགས་བཤད་འདུག བལ་ཡུལ་ནང་ཡོད་པའི་བེུད་ཚེ་རིང་ཉི་མ་ལགས་ཀྱིས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་ན་ ཁོང་དང་དེ་མིན་བེུད་དང་ཕྲུ་གུ་སོགས་མི་གྲངས་བརྒྱ་གྲངས་ཤིག་རྣམ་རྒྱལ་སློབ་གྲའི་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་རྒྱུའི་མཛད་སྒོར་བཅར་བའི་སྐབས་ བལ་ཡུལ་ཉེན་རྟོག་པས་སློབ་གྲའི་གོ་བཀག་ནས་ཁོང་ཚོ་ནང་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་པའི་སྐོར་འགྲེལ་བརྗོད་བྱས་འདུག བལ་ཡུལ་ནང་བཙན་བྱོལ་བོད་མི་ཁྱོན་ཁྲི་གཉིས་ལྷག་ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་ ཉེ་བའི་ཆར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་ཉེན་རྟོག་པས་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་དང་ ཐ་ན་༧གོང་ས་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་མཛད་སྒོ་སྤེལ་རྒྱུར་ཡང་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་པ་རེད་