བོད་ནས་བྲོས་བྱོལ་བ་བོད་མི་ན་གཞོན་༢༠་འཛིན་བཟུང་།

བོད་ནས་རྐང་ཐང་དུ་བྲོས་བྱོལ་ལ་ཡོང་མཁན་བོད་མི་གཞོན་ནུ་༢༠བལ་པོའི་ཉེན་རྟོག་པས་བལ་ཡུལ་ས་མཚམས་ནས་འཛིན་བཟུང་བྱས་འདུག

2011.09.12

༄༅༎བལ་ཡུལ་གཞུང་གིས་རྒྱ་ནག་ལ་ བལ་ཡུལ་ས་ཐོག་རྒྱ་ནག་ལ་གནོད་པའི་བྱ་སྤྱོད་སྤེལ་མཁན་གྱི་རིགས་ལ་དམ་བསྒྲགས་ཤུགས་ཆེ་བྱ་རྒྱུའི་ཁས་ལེན་བྱས་པའི་བདུན་ཕྲག་འགའ་ཤས་རྗེས་། བོད་ནས་རྐང་ཐང་དུ་བྲོས་བྱོལ་ལ་ཡོང་མཁན་བོད་མི་གཞོན་ནུ་༢༠བལ་པོའི་ཉེན་རྟོག་པས་ ཁ་ས་རེས་གཟའ་ཉི་མའི་ཉིན་བལ་ཡུལ་ས་མཚམས་ནས་འཛིན་བཟུང་བྱས་འདུག།

བྲོས་བྱོལ་ཡོང་མཁན་གྱི་གྲས་སུ་བུ་༡༥དང་བུ་མོ་༥ཡོད་པ་དེ་ཚོ་ལོ་༡༦ནས་༡༨བར་ཡིན་པ་དང༌། ཁོང་ཚོ་ས་མཚམས་བརྒལ་ནས་བལ་ཡུལ་གྱི་གྲོང་གསེབ་ཞིག་ནང་འབྱོར་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཅིང༌། བལ་པོའི་ཉེན་རྟོག་པའི་མགྲིན་ཚབ་པ་སྦི་ནོརྡ་སིང་ཡིས་བོད་པའི་ན་གཞོན་དེ་རྣམས་བོད་ནས་ཉིན་༡༦རིང་གོམ་པ་བརྒྱབ་ནས་ཡོང་ཡོད་པ་དང༌། རེས་གཟའ་ཉི་མའི་སྔ་དྲོ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ཉེན་རྟོག་པའི་དཔོན་རིགས་ཤིག་གིས་ཁོང་ཚོ་རྒྱལ་ས་ ཀཐ་མན་དྲུ་བར་འཁྲིད་ནས་ཕྱི་མི་གཞིས་སྤོས་འཛིན་སྐྱོང་མི་སྣ་ཚོར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་བཞག།

བལ་ཡུལ་དང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དབར་མཐུན་གྲོས་ཤིག་བཞག་ཡོད་པའི་འབྲུ་དོན་ནང༌། བོད་ནས་བྲོས་བྱོལ་ལ་ཡོང་མཁན་བོད་མི་ཚོ་རྒྱ་གར་ལ་བདེ་བླག་ངང་འགྲོ་བསྐྱོད་ཐུབ་རྒྱུར་བོད་མི་སྐྱབས་བཅོལ་བ་ཚོར་བལ་ཡུལ་གྱིས་འགོག་རྐྱེན་མེད་པར་ལམ་ཤར་གཏོང་གནང་དགོས་ཀྱི་ཡོད་པ་རེད། རྒྱ་མིའི་བཙན་གནོན་གཡོལ་ཐབས་སུ་ལོ་ལྟར་བོད་ནས་བོད་མི་བརྒྱ་ཕྲག་འགའ་ཤས་ལ་ཀླུང་མང་པོ་བརྒྱབ་ནས་བལ་ཡུལ་བརྒྱུད་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་གི་ཡོད་པ་རེད། ཟླ་བ་སྔོན་མ་བལ་ཡུལ་ནང་ལྟ་སྐོར་དུ་འབྱོར་བའི་རྒྱ་མིའི་མཐོ་རིམ་དཔོན་རིགས་ཤིག་གིས་བལ་ཡུལ་གྱི་འཛུགས་སྐྲུན་ཡར་རྒྱས་ཆེད་རོགས་དངུལ་ཌོ་ལར་ས་ཡ་༥༠སྤྲོད་རྒྱུའི་གསལ་བསྒྲགས་བྱས་པའི་སྐབས་སུ། བལ་ཡུལ་གཞུངགིས་ བལ་པོའི་ས་ཐོག་རྒྱ་ནག་ལ་གནོད་པའི་ལས་འགུལ་རིགས་སྤེལ་འཇུག་རྒྱུ་མིན་པའི་ཁས་ལེན་བསྐྱར་ནན་བྱས་ཡོད་པ་རེད། དེ་ཙམ་མ་ཟད་བར་ལམ་ཞིག་ནས་རྒྱ་ནག་གིས་བལ་པོའི་འཛིན་སྐྱོང་མི་སྣ་ཚོར་ བལ་ཡུལ་བརྒྱུད་བོད་ནས་བྲོས་བྱོལ་ཡོང་མཁན་བོད་མིའི་ཐོག་འགོག་བསྡོམས་ནན་པོ་བྱ་དགོས་རྒྱུའི་གནོན་ཤུགས་ཆེ་རུ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎