བོད་མིར་རྡུང་རྡེག་གཏོང་རྒྱུར་རྒྱ་ནག་དང་བལ་ཡུལ་མཉམ་ལས།

བལ་ཡུལ་གཞུང་གིས་བོད་མི་ཚོའི་ཐོག་རྡུང་འདེགས་གཏོང་རྒྱུའི་ལས་དོན་རྒྱ་ནག་གཞུང་དང་མཉམ་ལས་བྱེད་འཆར་ཡོད་འདུག

2010.02.11

༄༅༎བལ་ཡུལ་གཞུང་གིས་བོད་མི་ཚོའི་ཐོག་རྡུང་རྡེག་གཏོང་རྒྱུའི་ལས་དོན་རྒྱ་ནག་གཞུང་དང་མཉམ་ལས་བྱེད་འཆར་ཡོད་འདུག

བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ཕྱོགས་སུ་བྲོས་བྱོལ་དུ་ཡོང་མཁན་ཡོད་མི་ཚོར་བཀག་སྡོམ་དང་དེ་བཞིན་བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་  བལ་ཡུལ་གྱི་མངའ་ཁུལ་ནང་རྒྱ་ནག་ལ་ངོ་རྒོལ་ཟེར་བའི་ལས་འགུལ་སྤེལ་རྒྱུར་འགོག་ཆེད་བལ་ཡུལ་གཞུང་དང་རྒྱ་ནག་གཞུང་དབར་མཉམ་ལས་བྱེད་འཆར་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་ཉིན་རེའི་ཚགས་ཤོག་གིས་རྒྱ་ནག་ཉེན་རྟོག་ལས་ཁང་གི་ཆེས་མཐོའི་དཔོན་རིགས་ཀྲའུ་ཡུང་ཁང་གི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་ཅིང་དེའི་ནང་རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་དང་  བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་འགྲོ་མཁན་ཚོར་འགོག་ཐབས་ཀྱི་ལས་དོན་ཐོག་བལ་ཡུལ་གཞུང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་ཕྱི་ཟླ་གཉིས་པའི་ཚེས་༨ཉིན་རྒྱ་ནག་ཉེན་རྟོག་ལས་ཁང་གི་དཔོན་རིགས་ཀྲའུ་ཡུང་ཁང་གིས་པེ་ཅིན་དུ་བལ་ཡུལ་གྱི་ནང་སྲིད་བློན་ཆེན་བིམ་སྦ་ཧ་རྡུར་ར་ལྦལ་དང་ཐུག་ཕྲད་གནང་བའི་སྐབས་ཕན་ཚུན་བཀའ་བསྡུར་བྱས་ཡོད་ལུགས་འཁོད་འདུག

ཡང་གནས་ཚུལ་དེའི་ནང་མུ་མཐུད་འཁོད་པར་གཞིགས་ན་བལ་ཡུལ་གྱི་ནང་སྲིད་བློན་ཆེན་ར་ལྦལ་རྒྱ་ནག་བདེ་སྲུང་ལས་ཁང་གི་དཔོན་རིགས་མིང་ཅན་ཀྲུའུ་ཡི་གདན་ཞུ་བཞིན་ཕྱི་ཟླ་གཉིས་པའི་ཚེས་༦ནས་༡༢བར་རྒྱ་ནག་དུ་འཚམས་གཟིགས་གནང་བཞིན་པ་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ཉེན་རྟོག་ལས་ཁང་གི་དཔོན་རིགས་ཀྲའུ་ཡུང་ཁང་དང་ཐུག་ཕྲད་བྱས་པའི་རྗེས་དེའི་ཉིན་་རྒྱ་ནག་བདེ་འཇགས་སྲུང་སྐྱོབ་ལས་ཁང་གི་དཔོན་རིགས་མིང་ཅན་ཀྲུའུ་ཡང་ཐུག་ཕྲད་གནང་ཡོད་པ་དང་དེའི་སྐབས་རྒྱ་ནག་གི་དཔོན་རིགས་ནས་རྒྱ་ནག་གཞུང་གིས་ས་མཚམས་ནས་འགྲོ་འོང་དང་བལ་ཡུལ་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མཁན་ཚོའི་ཐོག་རྡུང་རྡེག་དང་འགོག་ཐབས་ཀྱི་ལས་དོན་ཐོག་བལ་ཡུལ་གཞུང་དང་ཕན་ཚུན་བསམ་ཚུལ་སྤེལ་རེས་དང་མཉམ་ལས་བྱ་རྒྱུའི་འདོད་ཚུལ་བཏོན་ཡོད་པ་རེད་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎