རང་དབང་སྲུང་སྐྱོབ་ལ་བྱས་རྗེས་ཆེ་བའི་གཟེངས་རྟགས་འབུལ་བ།
2016.02.12

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi་མཆོག་ལ་གཟེངས་རྟགས་འབུལ་བ།
དེ་ཡང་༢༠༡༦ལོའི་ཟླ་༢ཚེས༡༡ཉིན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་Rayburn Houseཚོགས་ཁང་ཆེན་མོའི་ནང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ཝེ་ཅིན་ཧྲེན་Wei Jingshengཐེབས་རྩ་ལས་ཁང་གིས། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་དབུ་ཁྲིད་ལྕམ་Nancy Pelosiམཆོག་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཞེས་པའི་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་Robert L. Bensteinརྣམ་གཉིས་ལ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་སྲུང་སྐྱོབ་ལ་བྱས་རྗེས་ཆེ་བའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་གནང་སོང་།
Wei Jingshenཐེབས་རྩས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཟེངས་རྟགས་འབུལ་བཞེས་གནང་བ་ད་རེས་ཀྱིས་ཐེངས་གཉིས་པ་ཆགས་ཡོད་ཅིང་། གཟེངས་རྟགས་ཐེངས་དང་པོ་དེ་ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་བཅུ་པའི་ཚེས་༡༢་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཟུར་པ་དང་། ཕྱི་དྲིལ་ལས་དོན་ལྷན་ཁང་གི་ཚོགས་གཙོ་ཟུར་པ་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་Frank Wolfམཆོག་ལ་འབུལ་ཡོད་པ་རེད།
ད་རེས་ཀྱི་གཟེངས་རྟགས་མཛད་སྒོ་དེའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཡོད་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་སོགས་གནད་ཡོད་མི་སྣ་ཕེབས་ནས་གསུང་བཤད་རིམ་པ་གནང་ཡོད་པ་རེད།
རྒྱ་རིགས་མང་གཙོ་དོན་གཉེར་བ་Wei Jingshengཐེབས་རྩ་ལས་ཁང་གི་ཚོགས་གཙོ་Wei Jingshengདང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་Matteo Mecacciདབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དེ་མིན་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་གི་ཚོགས་གཙོ་Car Garhman སོགས་ཁག་སོ་སོ་ནས་གསུངས་བཤད་རིམ་པ་གནང་ཡོད།
ད་རེས་ཀྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའོ་ཐོག་བཅར་མཁན་རྒྱ་མི་རིགས་མང་གཙོ་དོན་གཉེར་བ་དང་། རྩོམ་པ་པོ། དེ་བཞིན་ཧོང་ཀོང་དང་། ཐེ་ཝན། ཝེ་ཏེ་མིན། བོད་རིགས། ལྷག་པར་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་དགའ་བའི་ཕྱི་རྒྱལ་གྱི་མི་སྣ་སོགས་ཁྱོན་མི་གྲངས་ཉི་བརྒྱ་ཙམ་མཉམ་ཞུགས་གནང་འདུག
གསར་འགོད་པ་དབྱངས་སྒྲོན།