ཨང་སན་སུ་ཅི་དགུང་གྲངས་༦༦ལ་ཕེབས་པའི་འཁྲུངས་སྐར།
2011.06.19
༄༅༎འབར་མའི་དམངས་གཙོ་དོན་གཉེར་བ་ ཨང་སན་ སུ་ཅི་མཆོག་དགུང་གྲངས་༦༦ལ་ཕེབས་པའི་འཁྲུངས་སྐར་རང་ཉིད་ཀྱི་སྲས་ཆུང་བ་དང་མཉམ་དུ་སྲུང་བརྩི་ཞུས་གནང་འདུག
རེས་གཟའ་ཉི་མའི་ཉིན་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཨང་སན་སུ་ཅི་མཆོག་གིས་འདས་པའི་ལོ་བཅུ་ཁྲག་ཙམ་གྱི་རྗེས་སུ་སྐུའི་འཁྲུངས་སྐར་རང་དབང་ཐོག་ནས་སྲུང་བརྩི་ཞུས་པ་ཐོག་མ་དེ་ཡིན་པ་དང། དེ་ཉིན་ཁོང་ཐོག་མར་ཡང་གྷོན་གནམ་ཐང་དུ་རང་ཉིད་ཀྱི་སྲས་གཞོན་པ། ཨིན་ཡུལ་གྱི་མི་སེར་ཡིན་པ་ ཀིམ་ཨེ་རི་སེ་(Kim Aris) བསུ་བར་ཕེབས་གནང་འདུག། ཨང་སན་ སུ་ཅི་ཡིས་གནམ་ཐང་དུ་གསར་འགོད་པ་དང་དེར་འཛོམས་པའི་ཡུལ་མི་ཚོར། རང་གི་བུ་ཆུང་བ་ཐུག་བྱུང་བར་ཧ་ཅང་དགའ་འཚོར་ཆེན་པོ་བྱུང་ཞེས་གསུངས་གནང་འདུག།
སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ཨང་སན་ སུ་ཅི་བཟང་བཙོན་ནས་གློད་བཀྲོལ་ཐོབ་པའི་སྐབས་ཀྱང་རང་ལོ་༣༣ལ་ཕེབས་པའི་སྲས་ ཀིམ་ཨེ་རེ་སེ་རང་གི་སྐྱེས་མ་ཐུག་འཕྲད་དུ་སླེབས་ཡོད་པ་རེད། གནས་ཚུལ་ནང་ཐོན་པར་གཞིགས་ན་ཐོག་མར་མཚོ་འགྲམ་གྱིས་གཟིམ་ཤག་དུ་ནང་མི་གཉེན་ཚན་རྣམས་འདུ་འཛོམས་ཀྱིས་འཁྲུངས་སྐར་ནང་པའི་སྲོལ་རྒྱུན་ལྟར་སྲུང་བརྩི་དང་། དེ་རྗེས་རྒྱལ་ཡོངས་དམངས་གཙོ་གནའ་འབྲེལ་ཚོགས་པའི་ལས་ཁུངས་ནང་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུ་ཡིན་འདུག