འབར་མའི་གཞུང་དང་ཀ་རན་མི་རིགས་གཉིས་བར་གྲོས་མོལ་།

འབར་མའི་གཞུང་དང་ཡུལ་དེའི་ཀ་རེན་མི་རིགས་གཉིས་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་གྲོས་མོལ་བསྐྱར་གསོ་གནང་འདུག

2012.04.04

༄༅༎འབར་མའི་གཞུང་དང་ཡུལ་དེའི་ཀ་རེན་མི་རིགས་གཉིས་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་གྲོས་མོལ་དེ་བཞིན་དེ་་རིང་བསྐྱར་གསོ་གནང་འདུག འབར་མའི་དྲག་པོའི་དམག་མིས་རྒྱབ་སྐྱོར་བྱས་པའི་ཡུལ་དེའི་སྲིད་འཛིན་ཐེཨིན་སེན་གཞུང་གིས་འབར་མའི་ནང་སྔ་ལོ་ཆབ་སྲིད་བཅོས་བསྒྱུར་རིམ་པ་མང་པོ་དབུ་འཛུཌ་གནང་བའི་ཆ་ཤས་ཤིག་ནི་དུས་ཡུན་རིང་པོ་ཞིག་ནས་གཞུང་ལ་ངོ་རྒོལ་གྱེར་ལངས་བྱེད་མཁན་ཀ་རེན་མི་རིགས་ཀྱིས་མེ་འཕེན་མཚམས་འཇོག་དོན་གཉེར་གནང་རྒྱུ་དེ་ཡིན་པ་རེད་ Karen National Union ཞེས་ཀ་རན་མི་རིགས་མཐུན་ཚོགས་ཀྱིས་ད་རིང་བསྒྲགས་གཏམ་ཞིག་སྤེལ་བའི་ནང་མཐུན་ཚོགས་དེའི་སྤྱི་ཁྱབ་དྲུང་ཆེ་ཞི་པོ་རའ་སེན་ཡིས་སྣེ་འཁྲིད་པའི་སྐུ་ཚབ་འཐུས་མིའི་ཚོགས་ཁག་ཅིག་གཟའ་ལྷག་པའི་ཉིན་ཐའེ་ལེནདྲ་ས་མཚམས་ཁུལ་དུ་ཡོད་པའི་མཐུན་ཚོགས་དེའི་ལྟེ་གནས་ནས་ཕེབས་ཐོན་གནང་ནས་གཞུང་དང་མེ་འཕེན་མཚམས་འཇོག་བྱ་རྒྱུའི་ཐད་གྲོས་མོལ་རིམ་པ་གཉིས་པ་དེ་འདི་ཟླའི་ཚེས་༡༡་བར་གནང་འཆར་ཡོད་ལུགས་བརྗོད་འདུག་ལ་ད་རེས་ཀྱི་གྲོས་མོལ་དེ་བཞིན་ཐའེ་ལེནདྲ་ཡི་ས་མཚམས་ཉེ་འཁྲིས་ཀྱི་ས་གནས་པའན་ཞེས་པར་གནང་རྒྱུ་དང་དེ་ནས་རིམ་བཞིན་གྲོང་ཁྱེར་ཡཱང་ཨོན་དང་དེ་རྗེས་འབར་མའི་དབུས་ཀྱི་གྲོང་ཁྱེར་སྦ་གོ་ཞེས་པར་གནང་འཆར་ཡོད་ལུགས་ཀྱང་བརྗོད་འདུག་  མེ་འཕེན་མཚམས་འཇོག་བྱ་ཕྱོགས་ཐད་གྲོས་མོལ་དང་པོ་དེ་འདི་ལོའི་ཕྱི་ཟླ་དང་པོའི་ནང་གནང་ཡོད་འདུག ཡང་ལྕམ་ཨང་སང་སུ་ཆི་མཆོག་གིས་དབུ་འཁྲིད་པའི་འབར་མའི་མང་གཙོ་མནའ་སྦྲེལ་ཚོགས་པར་ཡུལ་དེའི་གྲོས་ཚོཌ་ནང་ས་མིག་༤༣་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་སུ་་འབར་མའི་གཞུང་དང་ཀ་རན་མི་རིགས་ཀྱི་མཐུན་ཚོགས་གཉིས་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མོལ་གནང་བ་ཐོག་མ་དེ་ཡིན་པ་རེད་ འབར་མའི་གཞུང་དང་གྲངས་ཉུང་མི་རིགས་མོན། ཤན། ཆིན། ལྦ། ཀོ་ཀོང་བཅས་མཚོན་པའི་ཚོགས་པ་ཁག་གི་མཉམ་དུ་མེ་འཕེན་མཚམས་འཇོག་བྱ་རྒྱུའི་སྔོན་འགྲོའི་གྲོས་མཐུན་ཁག་ཉེ་བའི་ཟླ་ཤས་གནང་བཞག་ཡོད་འདུག་ གྲངས་ཉུང་གི་ཚོཌ་པ་ཕལ་ཆེ་བས་ཡུལ་དེའི་ནང་ཞི་བདེ་ཡུན་གནས་ཆེད་གྲངས་ཉུང་མི་རིགས་ཚོར་རང་སྐྱོང་ལྗོངས་ཀྱི་ཁེ་དབང་མང་བ་སྤྲོད་དགོས་སྐོར་ཨུ་ཚུཌ་བརྒྱབ་བཞིན་ཡོད་འདུག་ལ་ ཡང་འབར་མའི་བྱང་ཕྱོགས་སུ་ཡོད་པའི་ཀ་ཆིན་ཞེས་པའི་གྲངས་ཉུང་མི་རིགས་ཀྱིས་ད་དུང་ཡང་འབར་མའི་གཞུང་དང་འཁྲུག་ཟིང་རྣོ་ངར་ཆེན་པོ་བརྒྱབ་བཞིན་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎